(པར་ངོས་དང་པོར་མཐུད)སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་གི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། འཕེལ་རྒྱས་ཆེན་པོར་བརྟེན་ནས་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཨུ་ཡོན་དང་ལྷག་པར་དུ་སློབ་གསོ་དང་འཕྲོད་བསྟེན་ལས་རིགས་ནས་ཡོང་བའི་ཨུ་ཡོན་གྱི་ལས་གནས་གཉིས་ཀྱི་འགན་འཁྲི་སྒྲུབ་སེམས་ལ་སྐུལ་སློང་གང་ལེགས་དང་། སྲིད་གཞུང་གི་འགན་ནུས་ཚན་པ་ཁག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་མཉམ་འགུལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་བྱེད་སྒོ་སྔར་ལས་མང་བ་སྤེལ་བ་བཅས་བྱས་ཏེ་སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་དངོས་སུ་བསྒྲུབ་ཐུབ་པར་བྱེད་དགོས་པ། སྲིད་གྲོས་ཀྱི་རིག་སྟོབས་གཅིག་སྡུད་དང་། ཤེས་ལྡན་པ་ལྷན་འཛོམས། འབྲེལ་གཏུགས་རྒྱ་ཁྱབ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་སེལ་ཆེད་ལག་ལེན་བསྟར་འཐུས་ཀྱི་ཐབས་ཇུས་བཙལ་ནས།གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་ལས་དོན་ཐད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས།
ཀྲང་ཁྲུན་དབྱང་གིས་བླང་བྱ་བཏོན་དོན། སློབ་གསོ་དང་འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སློབ་གསོ་དང་འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་འདོན་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། གནད་སྨིན་གྱི་ནང་དོན་འདེམས་སྒྲུག་དང་བརྟག་ཞིབ་གཏིང་ཟབ་བཅས་བྱས་ཏེ་བཏོན་པའི་བསམ་འཆར་དང་གྲོས་འགོར་དེ་བས་རིན་ཐང་ལྡན་པ་དང་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་ལས་དོན་ཁག་དེ་བས་ལེགས་པའི་ངང་སྤེལ་རྒྱུར་རམ་འདེགས་ཧུར་ཐག་བྱེད་དགོས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་ལྷ་སའི་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་དང་ཧན་ཡུན་ཧྲོན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社