分享按钮

ལྷུན་རྩེ་རྫོང་གིས་ལྷ་སར་ཚོང་འགུག་མ་འདྲེན་དང་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཀྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་26ཉིན། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ལྷ་ས་གྲོང་ཁྱེར་དུ་ཚོང་འགུག་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱེད་པའི་ཚོགས་འདུ་འཚོགས་ཤིང་། ཐོན་ལས་ངོ་སྤྲོད་དང་རྣམ་གྲངས་ལ་གན་རྒྱ་འཇོག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ལྷ་ས་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་སྤུས་ལེགས་ཁེ་ལས་ཁྱབ་པར་བྱེད་ཀྱི་ཡོད།

ངོ་སྤྲོད་ཚོགས་འདུའི་ཐོག་ཚོགས་ཞུགས་སྐུ་མགྲོན་ལ་ལྷུན་རྩེ་རྫོང་གི་ཐུན་མོང་མ་ཡིན་པའི་ཡུལ་བབ་ཀྱི་དགེ་མཚན་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས། དགེ་མཚན་ལྡན་པའི་ཚོང་གཉེར་གྱི་ཁོར་ཡུག ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པས་ལྷ་ས་སོགས་ཀྱི་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་སོགས་ཀྱི་ཁྱབ་ཁོངས་ནས་ཡོང་བའི་ཁེ་ལས་100ཙམ་གྱི་འཐུས་མི་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཁེ་ལས་དེ་དག་གི་གཙོ་གཉེར་ལས་སྒོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་རྫོང་དེའི་གསར་བརྗེའི་རིག་གནས་དང་། མི་རིགས་ཀྱི་རིག་གནས། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས། དེ་བཞིན་འབྱུང་ཁམས་ཐོན་ཁུངས་སོགས་ཀྱི་དགེ་མཚན་དང་ཡོངས་སུ་མཐུན་ཡོད།

ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ཏེ་ནས་ནག་དང་། རྒྱུད་བཟང་བཞོན་མ་སོགས་ཁྱད་ལྡན་ཐོན་ལས་ཀྱི་རྒྱུན་བསྲིང་སྦྲེལ་ཐག་ལ་དམིགས་ཏེ། རིག་གནས་དང་། ཡུལ་སྐོར་མཉམ་འདྲེས། བཟའ་བཅའ་ལས་སྣོན་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་དུས་གཅིག་ཏུ་ཇུས་འགོད་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་བསྣན་ནས་རྫོང་འདི་ཉིད་མ་འཇོག་ལས་དར་གྱི་ས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

ལྷུན་རྩེ་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་པ་སངས་ཚེ་རིང་གིས་ལྷུན་རྩེ་རྫོང་གིས་སྣེ་ལེན་ཞུ་མཁན་གྱི་སྙིང་སྟོབས་ཐོག་ནས་བརྒྱུད་རིམ་ཧྲིལ་པོར་མིང་རྟཊ་འགོད་པ་དང་། ཞིབ་མཆན་འགོད་པ། དོན་འཁྱོལ་བྱེད་པ། འཛུཊ་སྐྲུན་བྱེད་པ་བཅས་ཀྱི་ལྷུ་ཚིཊ་ཁག་གི་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་རིག་གནས་ཐོན་ཁུངས་དང་འབྱུང་ཁམས་འཕེལ་རྒྱས་ཀྱི་ལེཊ་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་འབྱུང་རྩ་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210876.html 1 ལྷུན་རྩེ་རྫོང་གིས་ལྷ་སར་ཚོང་འགུག་མ་འདྲེན་དང་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->