(པར་ངོས་དང་པོར་མཐུད)ཨར་སྐྲུན་གྱི་ཡུལ་དངོས་སུ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པ་ཞིག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་990བཏང་བ་དང་། འཛུགས་སྐྲུན་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་སྨི་ངོས་གྲུ་2470.26ཟིན་པའི་ཁྱིམ་མཚེས་ཞབས་ཞུའི་ལྟེ་གནས་ཀྱི་འཛུགས་སྐྲུན་གཙོ་བོ་ཚུད་ཡོད་པར་མ་ཟད། ད་དུང་ས་ཆ་སྲ་འགྱུར་དང་། ར་སྐོར། ཆུ་ཡུར་སོགས་ཕྱི་རོལ་གྱི་ལས་གྲྭ་ཚུད་ཡོད། རྣམ་གྲངས་དེ་2024ལོའི་ཟླ་3པར་ལས་འགོ་ཚུགས་པ་དང་། སྔོན་དཔག་བྱས་པ་ལྟར་ན། འདི་ལོའི་ཟླ་11པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད། རྣམ་གྲངས་དེས་དམངས་བདེ་དམངས་ཕན་དང་ཕྱོགས་བསྡུས་ནུས་པ་ལྟེ་བར་བྱས་ནས་ཕྱོགས་བསྡུས་ཞབས་ཞུ་དང་། རིག་གནས་བྱེད་སྒོ། དམངས་ཕན་གྱི་ལེ་ལག་ཚང་སྒྲིག་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་གཏོད་རྒྱུར་གཞོལ་ནས་ཤང་གྲོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།
རྣམ་གྲངས་ལེཊ་གྲུབ་བྱུང་རྗེས། མཐའ་འཁོར་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། དེས་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་ཆེས་ཆེར་བཏང་ནས་ཚང་མར་དེ་བས་སྐྱིད་སྣང་དོད་པའི་སྡོད་གནས་དང་བྱེད་སྒོའི་བར་མཐོངས་ལོངས་སུ་སྤྱོད་ཐུབ་པར་མ་ཟད། ད་དུང་གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་ས་གནས་དེ་ག་དང་དེ་བཞིན་མཐའ་འཁོར་གྱི་མང་ཚོགས་མང་པོར་ཕན་པ་ཐོབ་ཐུབ། དེ་དང་ཆབས་ཅིག་ཁྱིམ་མཚེས་ཞབས་ཞུའི་ལྟེ་གནས་ཀྱིས་ཀྱང་ས་གནས་དེ་གའི་སྤྱི་ཚོགས་ཕན་བདེའི་ཁོར་ཡུག་སྔར་བས་འཐུས་ཚང་དུ་བཏང་ནས་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་དུ་སྒུལ་ཤུཊགས་ཆེན་པོ་སྣོན་རྒྱུ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社