分享按钮

ཏང་འཛུཊ་སྐྱོང་གིས་གཞི་རྩ་བརྟན་གཏོང་ལ་སྣེ་ཁྲིད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད།

(པར་ངོས་དང་པོར་མཐུད)མཉམ་ལས་ཁང་།ཞིང་དུད་བཅས་ཟུང་འབྲེལ་གྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་པ་དང་།གྲོང་ཚོའི་ནང་གི་བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་པ་བརྒྱུད།ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་ཧུར་ཐག་བཏང་བས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་།ཐོན་ལས་ཀྱིས་འདེགས་སྐྱོར།མང་ཚོགས་འབབ་འཕར་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད།ད་ཆ།རིམ་ཁག་ཏང་ཨུད་ཀྱི་གནད་སྨིན་མཛུབ་ཁྲིད་འོག་རྟ་དཀར་གྲོང་ཚོར་གཞི་རིམ་རྩ་འཛུགས་སྟོབས་ཆེན་དང་།བཅོས་སྐྱོང་ཕན་ནུས་ལེགས་པ།ཐོན་ལས་འཕེལ་རྒྱས་ཆེ་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་འཕོ་འགྱུར་བྱུང་ཡོད།

ཟླ་10ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རྟ་དཀར་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་ནས་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་བཅས་དང་དེ་བཞིན་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་པའི་རྒྱུ་རྐྱེན་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།ཚང་མ་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་ནས་གཞི་རིམ་གྱི་འཐབ་ས་མདུན་མའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།

ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཕུར་བུ་བཀྲ་ཤིས་ཀྱིས་ཟླ་10ཚེས་11ཉིན། ཧྲུའུ་ཅི་ཝང་ཅུན་ཀྲེང་རྟ་དཀར་གྲོང་ཚོར་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བས། ང་ཚོ་གཞི་རིམ་གྱི་འཐབ་ས་མདུན་མའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་ཁ་ཕྱོགས་ཀྱང་གསལ་སྟོན་གནང་བྱུང་། ང་ཚོས་འཕྲལ་མར་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བརྟག་ཞིབ་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་ཡིན། སླད་ཕྱིན། ང་ཚོས་ན་གཞོན་ཏང་ཡོན་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། འགལ་བ་གཞི་རིམ་དུ་སེལ་བ། ཞབས་ཞུ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བཅས་བྱས་ཏེ་ཏང་རྩ་འཛུགས་འདི་ཉིད་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་པ་དང་། ཆུ་ཤུར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མདུན་དུ་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མིག་དཔེ་འདོན་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཟླ་10ཚེས་11ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་སྐབས་བོད་ལུགས་གསོ་རིག་དང་བོད་སྨན་ནི་ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ་དང་། ཚན་ཞིབ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཕྱིར་འཚོང་ཐུབ་པ་དང་། རིན་གོང་མཐོན་པོ་རག་པ་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།

གཞུང་ཁོངས་མཉམ་འདྲེས་ལམ་ལུགས་ཀྱི་ཁེ་ལས་ཡིན་པའི་ཆ་ནས་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སི་2005ལོར་དབུ་བརྙེས་ཚུན། ཐོག་མཐའ་བར་གསུམ་དུ་བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་བྱེད་པ་དང་། དེང་རབས་བོད་སྨན་ཚོང་གཉེར་བྱེད་པའི་འདུ་ཤེས་རྒྱ་ཆེར་བཏང་ནས་ད་ལྟ་རྒྱལ་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་བོད་སྨན་གྱི་རིགས་དང་། བོད་སྨན་བདེ་སྲུང་ཟས་རིགས། བོད་ལུགས་གསོ་རིག་གི་མཛེས་འཆོས་བྱུག་རྫས་སོགས་བོད་ལུགས་གསོ་རིག་དང་བོད་སྨན་དང་དེའི་བསྐྱར་འགྱུར་ཐོན་རྫས་སྦྲེལ་ཐག་གྲུབ་ཡོད། ཀུང་སིས་མིག་སྔར་རྒྱལ་ཁབ་ཀྱི་སྨན་རྫས་རིགས་7དང་། རྒྱལ་ཁབ་ཀྱི་བདེ་ཐང་གི་ཟས་རིགས་1 རང་རྒྱལ་ནས་ཐོན་པའི་དམིགས་བསལ་རིགས་ཀྱི་བྱུག་རྫས་13 བོད་སྨན་རྫས་སྦྱོར་མིང་188སོགས་ཡོད་པ་དང་། སྲོལ་རྒྱུན་གྱིས་རྨང་གཞི་བྱེད་པ་དང་། ཚན་རྩལ་བྱེད་ཐབས་སུ་འཛིན་པ།ཚོང་ར་ཁྲིད་ཕྱོགས་སུ་འཛིན་པ། ཕན་ནུས་དེ་ཁྱད་ཆོས་སུ་འཛིན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་བ་དང་། ས་ཁོངས་འཕེལ་རྒྱས་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

གསར་འགོད་པས་ཀུང་སི་དེའི་ཐོན་སྐྱེད་འཁོར་ཁང་ནས་འཕྲུལ་འཁོར་སྒྲིག་ཆས་མགྱོགས་མྱུར་འཁོར་སྐྱོད་བྱེད་པ་དང་།གཅིག་གྱུར་གྱི་ལས་གོས་གྱོན་པའི་བཟོ་པ་ཚོས་རང་འགན་གཙང་སྒྲུབ་ཀྱིས་རྒྱུ་ཆ་སྡེབ་སྒྲིག་དང་།གནོན་བཟོ།ཞིབ་བཤེར་སོགས་ཀྱི་ལས་གནས་ཐོག་གོ་རིམ་ལྡན་པའི་ངང་ལས་ལ་བྲེལ་བཞིན་ཡོད་ལ་གོ་རིམ་ལྡན་པའི་ཐོན་སྐྱེད་ཀྱི་རྣམ་པ་ཞིག་ཀྱང་མཐོང་བྱུང་།བོད་ལྗོངས་བོད་སྨན་ཐོན་སྐྱེད་ཀྱི་གཙོ་གནད་ཁེ་ལས་ཤིག་ཡིན་པའི་ངོས་ནས་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གིས་GMPཚད་གཞིར་ནན་པོར་གཞིགས་ནས་བཏོད་པ་དང་།འབྱུང་རྩ་ནས་སྨན་རྒྱུ་ཚོད་འཛིན་བྱས་ཏེ་ཐོན་རྫས་ཚང་མར་དམིགས་ཚད་ཁག་12ཀྱི་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་།ཚད་གཞི་ལོན་རྗེས་གཞི་ནས་ཐུམ་སྒྲིལ་ལྷུ་ཚིགས་ནང་བཅུག་ནས་ནད་པའི་ལག་ཏུ་འབྱོར་བའི་བོད་སྨན་ཚང་མ་བདེ་འཇགས་དང་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཡོད།

བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བཀྲ་ཤིས་དོན་གྲུབ་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་བྱས་ནས་དེང་རབས་ཅན་དང་།ཐོན་ལས་ཅན།ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་གཏོང་དགོས།དེས་ང་ཚོར་ཡིད་ཆེས་ཆེན་པོ་སྦྱིན་བྱུང་།མིག་སྔར་ང་ཚོས་ཚན་ཞིབ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཐོན་རྫས་ཀྱི་བཟོ་རྩལ་ལེགས་སུ་གཏོང་བ།ཐོན་སྐྱེད་སྒྲིག་ཆས་མུ་མཐུད་དེ་རིམ་སྤོར་བྱེད་པ།དེ་བས་སྔོན་ཐོན་གྱི་རིག་ནུས་ཅན་གྱི་ཚོད་འཛིན་མ་ལག་ནང་འདྲེན་བྱེད་པ།ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་རྫས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་གྱི་ཐོན་སྐྱེད་བརྒྱུད།ས་མཐོ་ནས་ཐོན་ཏེ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ནད་པར་བདེ་སྐྱིད་བསྐྲུན་པར་མ་ཟད།ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་དེ་བས་རོགས་རམ་བྱས་ཡོད།

གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ནས་ཁེ་ལས་འཁོར་ཁང་བར་དང་།ཞིང་ནང་དང་མུ་ཁ་ནས་ཐོན་ལས་གླིང་ཁུལ་བར་མིག་སྔར་ཆུ་ཤུར་རྫོང་གི་གོང་འོག་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་ཚ་རླབས་ཕྱོགས་ཡོངས་ནས་འཕྱུར་ཡོད།ཚང་མས་ཏང་ཀྲུང་དབྱང་དང་དེ་བཞིན་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་དེ་བས་སྟོབས་ཆེའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་།དེ་བས་ཏན་ཏིག་གི་འཕེལ་རྒྱས་བྱ་ཐབས།དེ་བས་ལེགས་པའི་ལས་བྱེད་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་།ཁྱད་ལྡན་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210877.html 1 ཏང་འཛུཊ་སྐྱོང་གིས་གཞི་རྩ་བརྟན་གཏོང་ལ་སྣེ་ཁྲིད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད། /enpproperty-->