(པར་ངོས་དང་པོར་མཐུད)
འཁྲབ་སྟོན་པ་ཚོས་ལྷད་མེད་ཀྱི་བརྩེ་སེམས་དང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ཚེ་སྲོག་གི་སྙིང་པོ་རྟོགས་པ་དང་། འཚོ་བར་དགའ་ཞེན་ཚད་མེད་བྱེད་ལུགས་གང་ལེགས་མཚོན་པར་བྱས་པས་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།
སྡེ་ཁུལ་གྱི་གྲོང་མི་ཉི་མ་བཀྲ་ཤིས་ཀྱིས་དེ་རིང་ངས་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་ཡིན། ཁོང་ཚོའི་བྱ་སྤྱོད་སྟབས་བདེ་པོ་མེད་ཀྱང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པས་ང་ཚོ་དེ་གར་ཡོད་པའི་ལྟད་མོ་བ་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། སྙིང་སྟོབས་དེས་ང་ཚོ་རྒན་རྒོན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་སྤྱི་ཚོགས་འཚོ་བའི་ནང་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པའི་ཡིད་ཆེས་དེ་ལས་ཆེ་རུ་ཕྱིན་སོང་ཞེས་བཤད།
རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ཡུལ་དངོས་སུ་ཕན་ཚུན་ལན་འདེབས་པའི་ལྷུ་ཚིགས་སུ་སླེབས་ཡོད། ལས་དོན་པས་དབང་པོ་སྐྱོན་ཅན་གྱི་འགན་ལེན་སྲིད་ཇུས་དང་།འབྲེལ་ཡོད་རིག་གནས་སོགས་ཀྱི་ཤེས་བྱའི་ནང་དོན་ལ་དམ་པོར་དམིགས་ནས་སྤྲོ་སྣང་ལྡན་པའི་དྲི་གཞི་ཇུས་འགོད་ཞིབ་ཚགས་བྱས་ཡོད་ཅིང་། གྲོང་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་དེར་ལན་བརྒྱབ་པ་རེད། ལན་འགྲིག་པའི་ལྟད་མོ་བར་ད་དུང་སྤུས་ཀ་ལེགས་པའི་ལག་རྟགས་ཆུང་ཆུང་རག་པ་དང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར། ཚང་མས་བློ་བདེ་བག་ཕེབས་ཀྱི་མཉམ་འགུལ་ཁྲོད་དབང་པོ་སྐྱོན་ཅན་གྱི་འགན་ལེན་སྲིད་ཇུས་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད་པ་རེད།
དེ་དང་ཆབས་ཅིག་ཏུ་སྲིད་ཇུས་དྲིལ་བསྒྲགས་ཁུལ་གྱིས་ཀྱང་གྲོང་མིར་མུ་མཐུད་དེ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། ལས་དོན་པས་ཡུལ་དངོས་ཀྱི་གྲོང་མི་དང་དབང་པོ་སྐྱོན་ཅན་ལ《ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་འགན་ལེན་བྱ་ཐབས》སོཊ་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་སྤྲད་པ་དང་སྦྲགས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་དང་དབང་པོ་སྐྱོན་ཅན་སྔོན་འགོག་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཕྱོགས་བསྡུས་ལས་སྒོའི་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཧྥན་ཁྲུན་ཡན་གྱིས་ང་ཚོས་བྱེད་སྒོ་དེ་བརྒྱུད་ནས་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་རིག་གནས་འགྲེམས་སྟོན་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ཏེ་ཁོང་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཏུ་གྲོང་མི་དེ་བས་མང་བས་དབང་པོ་སྐྱོན་ཅན་གྱི་དགོས་མཁོར་དོ་ཁུར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱིས་འབྱུང། ང་ཚོས་བྱེད་སྒོ་དེ་རིགས་སྡེ་ཁུལ་དུ་དེ་བས་མང་བར་སྤེལ་རྒྱུར་སྐུལ་འདེད་བཏང་ནས་བདེ་སྐྱིད་ལྡན་པའི་ལྷ་ས། རིག་རྩལ་གར་སྟེཊ་མཉམ་སྤྱོད་ཅེས་པའི་འདུ་ཤེས་བརྒྱུད་སྤྲོད་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社