(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོའི་ཚོགས་པས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པས་གཉེར་རོགས་བྱས་པ་ཞིག་ཡིན། བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དུ་སྤེལ་བ་དང་། གཤགས་བཅོས་དེ་སྐྱ་གྲིབ་གཤགས་བཅོས་ཀྱི་ཆེད་ལས་མིག་ནད་སྨན་བཅོས་ཚོགས་པས་ལེགས་སྒྲུབ་བྱས་ཏེ་གཤགས་བཅོས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད།
བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱ་གྲམ་དམར་པོའི་ཚོགས་པས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལག་ལེན་བསྟར་བ་དང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ནད་པ་དང་ནང་མི་ཚོས་ཕན་ཚུན་སྐད་ཆ་ཤོད་རེས་བྱས་ནས་ཐོབ་པར་དཀའ་བའི་སྨན་རིན་མི་དགོས་པའི་སྨན་བཅོས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་དུས་ཐོག་ཏུ་གྲལ་བཤེར་ནང་ཞུགས་ནས་སླར་ཡང་འོད་སྣང་མཐོང་བའི་གོ་སྐབས་བཟང་པོ་མ་ཤོར་བ་བྱེད་དགོས། ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྐྱ་གྲིབ་ཕོག་པའི་ནད་པའམ་ཡང་ན་དོགས་ཡོད་ནད་པས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དུ་རིན་མེད་གྲལ་བཤེར་བྱེད་པར་བསྐྱོད་དགོས། གལ་ཏེ་ནད་གཞི་གཏན་འཁེལ་བྱས་པར་མ་ཟད། གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་ན་རིན་མེད་ཀྱི་སྐྱ་གྲིབ་གཤགས་བཅོས་དང་ལེན་བྱེད་ཆོག་གི་ཡོད་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社