分享按钮

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུས་ཟླ་བཅུ་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

པར་འདི་ནི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུའི་ཏང་ཡོན་ཚོ་ཏང་འཛུགས་སྐྱོང་གི་གྲུ་གཟིངས་ལ་བསྡད་དེ་ལྷ་སའི་སྐྱིད་ཆུར་ལྟ་སྐོར་བྱེད་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་དུས། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུས་གཙང་འགྲམ་སྤྱི་གླིང་དུ་གསར་བརྗེའི་དྲན་ཤེས་བཙལ་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་དང་ཐོག་ཏང་འཛུགས་སྐྱོང་གི་གྲུ་གཟིངས་ལ་བསྡད་ནས་ལྷ་སའི་སྐྱིད་ཆུར་སྤྲོ་གསེང་ལྟ་སྐོར་བྱས་ཡོད།ཏང་ཡོན་ལས་བྱེད་པ་ཚོས་གོ་རིམ་ལྡན་པའི་ངང་ཏང་འཛུགས་སྐྱོང་གི་གྲུ་གཟིངས་ཐོག་འཛེགས་ནས་དབྱིངས་ཞུགས་རྣམ་པའི་གསར་བརྗེའི་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།གྲུ་གཟིངས་ལ་བསྡད་ནས་བསྐྱོད་པའི་རིང་ལྷ་སའི་སྐྱིད་ཆུའི་ངོགས་གཉིས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་འབྱུང་ཁམས་མཛེས་ལྗོངས་ཤིག་མིག་ལམ་དུ་འཆར་ཡོད།དེ་སྔ་སྐྱ་ཐེར་ཐེར་གྱི་ཆུ་ངོགས་སུ་ད་ཆ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་།རྩྭ་རྩི་ཤིང་སྣ་ཚོགས་ཀྱིས་བརྒྱན་པ།མཛེས་ལྗོངས་དང་གྲོང་ཁྱེར་གྱི་རྣམ་པ་ཕན་ཚུན་གཅིག་ལ་གཅིག་འགྲན་བཅས་ལས་ལྷ་སའི་འཕེལ་རྒྱས་དང་འཕོ་འགྱུར་གསོན་ཉམས་དོད་པོས་མངོན་ཡོད།

འགྲེལ་བཤད་རྒྱག་མཁན་གྱི་འགྲེལ་བཤད་ལ་ཉན་བཞིན་དུ་ཏང་ཡོན་ལས་བྱེད་པ་ཚོས་ཡུལ་ལྗོངས་དངོས་ལ་གཞི་ཚུཊ་ཏེ་ལམ་གཉིས་ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། བོད་སྐྱོར་གྱི་སྙིང་སྟོབས་དང་དེ་བཞིན་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་དུས་རབས་རིན་ཐང་ལ་གོ་བ་གཏིང་ཟབ་བླངས་ཏེ་རི་ཆུའི་ཡུལ་ལྗོངས་དང་སྙིང་སྟོབས་མཉམ་འདྲེས་ཁྲོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་སླ་པོར་བྱུང་བ་ཞིག་མིན་པ་ཐད་ཀར་མྱོང་ཚོར་ཐུབ་པར་བྱས་པ་རེད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུའི་ཧྲུའུ་ཅི་མ་སྒྲོལ་གྱིས་གསར་འགོད་པར་སླད་ཕྱིན།ངས་ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་གྲུ་གཟིངས་དམར་པོའི་བསམ་བློའི་སྟོབས་ཤུགས་དེ་འགན་འཁྲི་གཙང་སྒྲུབ་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ལྷ་སར་གཞི་ཚུགས་པ་དང་ལྷ་སར་ཞབས་འདེགས་ཞུས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དུས་རབས་གསར་པའི་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

དེའི་རྗེས་ཏང་ཡོན་ལས་བྱེད་པ་XRཉམས་ལེན་ཁང་དུ་VRབར་མཐོངས་ཆེན་མོའི《རྒྱང་སྐྱོད་དཔའ་བོ》ཞེས་པའི་ཉམས་ལེན་ནང་ཞུཊ་པ་རེད། VRལག་རྩལ་ལ་བརྟེན་ནས་དབྱིངས་ཞུགས་པའི་རྣམ་པ་བཏོད་དེ་མི་ཚང་མ་རྒྱང་སྐྱོད་ཀྱི་དུས་སྐབས་སུ་ཕྱིར་ལོག་བྱེད་པ་དང་། དམག་འཐབ་དང་ལ་ཀླུང་བརྒལ་བ་སོཊ་ཀྱི་བརྒྱུད་རིམ་མྱོང་ཚོར་ཐུབ་པར་བྱེད་པ། ཟུར་ནས་ལྟ་མཁན་ནས་དངོས་སུ་ཞུགས་མཁན་དུ་འགྱུར་བར་བྱེད་པ། གསར་བརྗེའི་སྔོན་བྱོན་པའི་དཔའ་ངར་དང་བློ་སྟོབས་ཐད་ཀར་མྱོང་ཚོར་ཐུབ་པར་བྱེད་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་གོ་བ་གཏིང་ཟབ་ལེན་པ། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དུས་རབས་གསར་པའི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོས་དངོས་ལྗོངས་ཀྱི་མྱོང་ཚོར་དང་དབྱིངས་ཞུགས་རྣམ་པའི་མྱོང་ཚོར་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཏང་ཡོན་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་།ལས་སྒྲུབ་ལས་གཏོད་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་འཕེལ་བར་བྱས་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210870.html 1 ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུས་ཟླ་བཅུ་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->