分享按钮

འདམ་ར་སྡེ་ཁུལ་གྱིས་འཕྲལ་སྡོམ་རོགས་སྐྱོབ་ དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན། ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་འདམ་ར་སྡེ་ཁུལ་གྱིས་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་དངོས་སུ་བཙུགས་པ་དང་འབྲེལ་སྒོ་བྱང་བཀལ་བ་རེད། འདམ་ར་སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ས་ཚིགས་ཀྱི་མཚོན་རྟགས་འདིས་ཆེད་ལས་ཅན་དང་དང་བླངས་ཅན་མཉམ་དུ་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདམ་ར་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.8ཟིན་པ་དང་། ཞབས་ཞུའི་དོ་དམ་མི་འབོར་ཁྲི་ལས་བརྒལ་བར་མ་ཟད། ཕྱོགས་མིས་བཟུང་བའི་བསྡུར་ཚད་མཐོ་བ་དང་། སྤྱི་ཚོགས་ཀྱི་གྲུབ་ཆའི་སྣ་ཁ་མང་བ། བཅོས་སྐྱོང་དཀའ་ཚེགས་ཆེ་བ་བཅས་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་དགུ་ཡི་གྲངས་འབོར་མང་བ་དང་། ཁུལ་ཆུང་རྙིང་པ་གཅིག་སྡུད་ཆེ་བ། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ། གྲོང་མི་ཁག་གཅིག་གི་བདེ་འཇགས་འདུ་ཤེས་ཟབ་མོ་མེད་པ་སོགས་ཀྱི་གནད་དོན་ཕན་ཚུན་འདྲེས་ནས། སྡེ་ཁུལ་གྱི་སྤྱི་པའི་བདེ་འཇགས་དང་། ལྷག་པར་དུ་མེ་ཟོན་བདེ་འཇགས་ལ་མུ་མཐུད་དེ་ཚོད་བགམ་ནན་པོ་འཕྲད་ཀྱི་ཡོད་པས། རྙོག་འཛིང་ཆེ་བའི་དུས་བབ་དེར་འགྱུར་ལྡོག་གཏོང་ཆེད། སྡེ་ཁུལ་གྱིས་ཏང་རྩ་འཛུགས་ལྟེ་བར་འཛིན་ཏེ་དྲ་མིག་དོ་དམ་པ་དང་། དུད་སྦྲེལ་དཔོན། སྡེ་ལས་རྐང་འཛིན་པ། ཁོངས་གཏོགས་ཚན་པའི་བདེ་སྲུང་སྟོབས་ཤུགས་བཅས་དང་དེ་བཞིན་ཏང་ཡོན་དང་དམག་ཞབས་ཐིམ་པའི་དམག་མི་སོགས་ལ་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་སྐོང་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པའི་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཡོད་པ་རེད།

འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པའི་མཛད་སྒོའི་ཐོག ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་བརྒྱད་གཅིག་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས་འདམ་ར་སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་གནང་ཞིང་། ལྷ་ས་གཞོན་ནུ་དང་བླངས་ཞབས་ཞུ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་རུ་མིའི་འཐུས་མིར་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་གི་མཚོན་རྟགས་སྤྲད་པ་དང་དཔུང་རྟགས་བཏགས་ཡོད། དེ་རྗེས་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ཀྱིས་རུ་དར་ལ་ཕྱོགས་ནས་མཉམ་དུ་དམ་བཅའ་བཞག་པ་དང་། རུ་མིའི་འཐུས་མི་པད་མ་ཚེ་བརྟན་གྱིས་གཏམ་བཤད་སྤེལ་ནས་དང་བླངས་ཞབས་ཞུ་རུ་ཁག་ནང་ཞུགས་པའི་མྱོང་ཚོར་དང་ཆོད་སེམས་མཉམ་སྤྱོད་བྱས་པ་རེད། པད་མ་ཚེ་བརྟན་གྱིས་དེ་རིང་འདམ་ར་སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མི་ཞིག་ཏུ་གྱུར་བར་ཧ་ཅང་དགའ་པོ་བྱུང་། ཕྱིས་འབྱུང་གི་ལས་དོན་ཐད་ངས་དཀའ་སྤྱད་སྦྱོང་བརྡར་བྱེད་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རང་འགན་གཙང་སྒྲུབ་བྱེད་པ། དང་བླངས་ཞབས་ཞུའི་ཁས་ལེན་ལག་བསྟར་བྱེད་པ། སེམས་ནང་གི་སྤྲོ་བ་དེ་བྱ་སྤྱོད་དངོས་ཀྱི་ཐོག་འགྱུར་བར་བྱེད་པ། རང་ཉིད་ཀྱིས་སྦྱངས་པའི་འཇོན་ཐང་ལ་བརྟེན་ནས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་བ་བཅས་བྱས་ཏེ་དུས་བདེའི་འདམ་རའི་རྨང་རྡོ་དེ་བས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།

འདམ་ར་སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་ནི། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་འཛུཊ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རིམ་ཁག་ཏང་ཨུད་ཀྱི་བླང་བྱ་དང་ལེན་ཧུར་ཐག་དང་དོན་འཁྱོལ་ཞིབ་ཕྲ་བྱས་པ་ཞིག་རེད་ལ། སྡེ་ཁུལ་གྱི་ཁ་ཐོར་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་། གྲོང་མིའི་བདེ་འཇགས་ཀྱི་རེ་སྒུག་ལ་ལན་འདེབས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད། ཕྱིས་འབྱུང་།འདམ་ར་སྡེ་ཁུལ་གྱིས་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕུགས་ཕན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་། ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། བདེ་འཇགས་ཀྱི་རྣམ་པ་གཏོད་པའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། འཕྲལ་སྡོམ་རོགས་སྐྱོབ་དང་བླངས་ཞབས་ཞུའི་རུ་ཁག་གི་འགོ་ཁྲིད་དང་མང་ཚོགས་བློ་བདེ་ཡོང་བའི་གཞི་རིམ་གྱི་འཕྲལ་སྡོམ་རྐང་འཛིན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁོངས་གཏོགས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྲུང་སྐྱོང་བྱ་ཆེད།སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210871.html 1 འདམ་ར་སྡེ་ཁུལ་གྱིས་འཕྲལ་སྡོམ་རོགས་སྐྱོབ་ དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ། /enpproperty-->