分享按钮

རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ལྷ་སར་བསྐྱོད་དེ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)བྱེད་སྒོའི་གཞི་རྟེན་གསར་གཏོད་བཅས་བྱས་པ་བརྒྱུད་གུང་གཞོན་སྡེ་ཚོཊ་རྩ་འཛུཊ་ཀྱི་ཁྱབ་རྒྱ་མུ་མཐུད་དེ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་གཞོན་ནུར་ཞབས་ཞུ་སྒྲུབ་པའི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།

ཏང་རྩ་འཛུགས་རིམ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། རང་རྟོགས་ངང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གིས་གཞོན་ནུའི་ལས་དོན་དོ་དམ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཚད་མཐུན་དང་དཔེ་བསྡུར་གྱི་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ་བསམ་བློར་སྣེ་ཁྲིད་དང་། སྒྲིག་འཛུགས་ལ་སྣེ་ཁྲིད། དཔུང་ཁག་ལ་སྣེ་ཁྲིད། སྤྱོད་ཚུལ་ལ་སྣེ་ཁྲིད་བཅས་བྱེད་དགོས་པ་དང་། ལས་འགན་གཙོ་བོར་དམིགས་ཏེ་ཚོགས་པའི་རྩ་འཛུགས་དང་ཚོགས་པའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བྱས་ནས་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུ་དེ་ཚད་གཞིར་བྱས་ཏེ་ཆབ་སྲིད་བརྟན་པོ་དང་། རྩ་འཛུགས་ཤུགས་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གཞོན་ནུའི་རྩ་འཛུཊ་བསྐྲུན་ནས་ཏང་རྩ་འཛུགས་ཀྱིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས། འགན་འཁྲི་འཁུར་ཕོད་པའི་བྱ་སྤྱོད་གཏན་འཁེལ་བྱས་ཏེ་ཚོགས་པའི་རྩ་འཛུགས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱས་ནས་གཞོན་ནུའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་གཞོན་ནུའི་ལས་དོན་གྱི་སྤུས་རྟགས་ཧུར་ཐག་བསྐྲུན་ནས་རྒྱ་ཆེའི་གཞོན་ནུ་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210868.html 1 རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་ཚོགས་པ་འཛུགས་སྐྱོང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ལྷ་སར་བསྐྱོད་དེ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->