分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་འགན་ལེན་བྱེད་ཐུབ།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་ཞིང་། འགག་རྩ་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ནི་ང་ཚོས་ཁྲོམ་རའི་དཔལ་འབྱོར་གྱི་དགེ་མཚན་འདོན་སྤེལ་བྱས་ཡོད་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་འདོན་སྤེལ་བྱས་ཡོད། ཕན་ནུས་ལྡན་པའི་ཚོང་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན།

ཁྲོམ་ར་ནི་ཆེས་དཀོན་པའི་ཐོན་ཁུངས་ཤིག་ཡིན། ཁྲོམ་ར་ཆེན་པོ་ནི་རང་རྒྱལ་གྱི་ལེགས་ཆ་ཡིན་པ་དང་། ལེགས་ཆ་འདི་ཇི་ལྟར་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གཟུགས་མེད་ཀྱི་ལག་པ་དང་གཟུགས་ཡོད་ཀྱི་ལག་པ་ཟུང་འབྲེལ་བྱ་རྒྱུ་ནི་ཐབས་ལམ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཁྲོམ་རར་བརྟེན་ནས་སྣ་མང་ཅན་གྱི་མཁོ་སྤྲོད་དང་ཞབས་ཞུ་མཁོ་འདོན་བྱས་ཤིང་། སྲིད་གཞུང་གིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པ་བརྒྱུད། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལ་བརྟེན་ནས་ནང་མཁོ་སྐུལ་ཁྲིད་དང་ཁེ་ལས་ལ་ཕན་འདོགས་པ་དང་དམངས་ལ་ཕན་འདོགས་པ་དེ་ཕན་ནུས་ལྡན་པའི་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་གིས་མཉམ་དུ་ཤུགས་རྒྱག་པའི་གསོན་ཉམས་དོད་པའི་ཞབས་འདེགས་སུ་གྱུར་ཡོད།

སྲིད་གཞུང་གི་བྱ་སྤྱོད་ཇི་ཙམ་ཚད་ལྡན་བྱུང་ན་ཚོང་རའི་ནུས་པ་དེ་ཙམ་གྱིས་ནུས་ལྡན་ཡིན། 《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་གྱི་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》བཏོན་པ་ནས་ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་པར་གཞི་5སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པའི་བར། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱ་ཐབས་གཅིག་སྡུད་ཐོག་གཙང་བཤེར་བྱེད་པ་ནས་གསར་དུ་བཏོན་པའི་སྲིད་ཇུས་དང་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་གྱི་དཔྱད་དཔོག་བྱེད་པའི་བར། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་མཉེན་ཤུགས་ཆེ་རུ་དང་། སྒུལ་ཤུགས་སྣོན་པ། མི་མངོན་པའི་ནུས་པ་འདོན་པ་བཅས་བྱས་ཡོད།

མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་ཡོད་ཀྱི་རྒྱུ་རྐྱེན་དང་མངོན་གསལ་དོད་པའི་ལེགས་ཆ་མང་པོ་ལྡན་ཡོད། ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་དང་། དུས་ཚོད་ཀྱི་སྐར་ཁུང་ལ་དམ་འཛིན། ལེཊ་ཆ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕན་ནུས་ལྡན་པའི་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་དབར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ། རང་ནུས་ཡོད་རྒུ་འདོན་པ་བཅས་བྱས་ནས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་འཛུགས་པ་དང་། ཁྲིམས་སྐྱོང་གི་དཔལ་འབྱོར་དང་ཡིད་རྟོན་གྱི་དཔལ་འབྱོར་འཛུཊ་སྐྲུན་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་གྱི་རྩེར་སོན་ཁོར་ཡུག་གཏོད་དགོས།

ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར། མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དྲག་ཆར་རླུང་འཚུབ་ཀྱི་ཁྲོད་དུ་མཚམས་མི་ཆད་པར་མདུན་དུ་སྐྱོད་པ་བཅས་བྱས་ཚེ། ང་ཚོར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རང་འགུལ་དང་། ལེཊ་ཆ། འབྱུང་འགྱུར་བཅས་ཐོབ་ངེས་རེད།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་འབྱོར་བའི་གློག་འཕྲིན)

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210867.html 1 /enpproperty-->