ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས(དམངས་སྤྱོད་འབར་གས་མིན་པའི་ཁེ་ལས)ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་བརྟན་དུ་གཏོང་བ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་ནུས་ལྡན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱ་ཆེད། ཟླ་10ཚེས་24ཉིན། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་ལྗོངས་ཕྱི་ནང་གི་ཐོན་སྐྱེད་བདེ་འཇགས་ཀྱི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཁྲེང་ཀོན་ཆུས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཁེ་ལས་ཁག་གཅིག་ཏུ་བསྐྱོད་དེ་ཐོན་སྐྱེད་བདེ་འཇཊ་ཀྱི་ཡུལ་དངོས་ཀྱི་དངོས་སྤྱོད་མཛུབ་ཁྲིད་ཐད་ཀྱི་གསོ་སྦྱོང་བྱས་པ་དང་། གནད་འཕིགས་ཀྱི་ནུས་པར་བརྟེན་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་ས་ཁོངས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོཊ་གཡོན་འདེགས་བྱས་ཡོད།
རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་ཏ་ཀྲའོ་གཏེར་ཆུ་ཁེ་ལས་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཧྲེང་ཧའེ་ཚོང་ཟོག་ཨར་འདམ་མ་རྐང་ཚད་ཡོད་ཀུང་སི། དེ་བཞིན་བོད་ལྗོངས་ལྷ་ས་སྦི་རག་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་། སྒྲིག་ཆས་བཀོལ་སྤྱོད་ལས་གནས། མཛོད་ཉར་ས་ཁོངས་བཅས་སུ་ཟབ་ཞུགས་གནང་སྟེ། འཕྲུལ་འཁོར་སྒྲིག་ཆས་ཀྱི་བདེ་འཇགས་བཀོལ་སྤྱོད་དང་། གློག་ཤུགས་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར། ཚད་ཡོད་བར་མཐོངས་ལས་ཀའི་ཉེན་ཁར་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་ཡུལ་དངོས་སུ་དཔེ་སྟོན་དང་།གྱོད་དཔེའི་དབྱེ་ཞིབ། མཉམ་འགུལ་ལན་འདེབས་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། ངོ་ཐུག་གདོང་འཕྲད་དང་། གནས་ནས་གནས་ཀྱི་རྣམ་པའི་ཐོག་ནས་ཁེ་ལས་ཀྱི་དོ་དམ་པ་དང་འཐབ་ས་མདུན་མའི་ལས་བཟོ་བར་ཐོན་སྐྱེད་བདེ་འཇགས་ཀྱི་དངོས་སྤྱོད་སློབ་ཁྲིད་བྱས་པ་དང་། བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བོར་བྱེད་པའི་གལ་ཆེའི་རང་བཞིན་ལ་ནན་བཤད་བྱས་པ་དང་། ཁེ་ལས་ཀྱི་དོ་དམ་པ་དང་འཐབ་ས་མདུན་མའི་ལས་བཟོ་བར་ཐོན་སྐྱེད་བདེ་འཇགས་ཀྱི་དམར་ཐིག་གི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་དང་སྦྲགས། ཁེ་ལས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ནས་ཐག་གཅོད་ཇུས་གཞི་དང་ལེགས་བཅོས་ཀྱི་གྲོས་འགོ་བཏོན་ཡོད།
བོད་ལྗོངས་ཏ་ཀྲའོ་གཏེར་ཆུ་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ཁྲང་ཧུའེ་ཡིས། རིགས་གཅིག་མཁས་ཅན་ཚོས་གོ་བདེ་ཤེས་སླའི་འགྲེལ་བཤད་དང་ཡུལ་དངོས་ཀྱི་བཀོལ་སྤྱོད་དང་མཛུབ་ཁྲིད་བྱས་པ་བརྒྱུད། ང་ཚོའི་ཁེ་ལས་ཀྱི་ལས་མིའི་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་དང་རྩལ་ནུས་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཕྱིས་འབྱུང་།ང་ཚོའི་ཁེ་ལས་ཀྱིས་ཐོན་སྐྱེད་བདེ་འཇགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དུས་བཀག་ལྟར་ཐོན་སྐྱེད་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱ་རྒྱུ་རེད་ཅེས་བཤད།
ཐེངས་འདིའི་དངོས་སྤྱོད་གསོ་སྦྱོང་གི་ནང་དོན་དེ་ཐོན་སྐྱེད་ཀྱི་དོན་དངོས་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ལ་དམ་པོར་དམིགས་ནས་ཁེ་ལས་ལ་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་བྱེད་རོགས་བྱས་པར་མ་ཟད། ལས་བཟོ་བའི་བདེ་འཇགས་བཀོལ་སྤྱོད་ཀྱི་རྩལ་ནུས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་དེ་བས་ཆེ་རུ་བཏང་ཡོད། ཕྱིས་འབྱུང་། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དགོས་མཁོར་མུ་མཐུད་ནས་དམིགས་ཏེ། རིགས་གཅིག་མཁས་ཅན་ཁེ་ལས་ནང་ཞུགས་རྒྱུར་མཛུབ་ཁྲིད་དང་ཞབས་འདེགས་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社