分享按钮

གྲོང་ཁྱེར་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་གིས་རྒྱལ་སྲུང་བདེ་འཇགས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་རབས་གསར་པའི་རྒྱལ་སྲུང་སྐུལ་སློང་གི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། གྲོང་ཁྱེར་རྒྱལ་སྲུང་སྐུལ་སློང་གཞུང་དོན་ཁང་གིས་པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིར་རྒྱལ་སྲུང་བདེ་འཇགས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། རྒྱལ་སྲུང་སློབ་གསོ་གཞི་རིམ་དང་ཁེ་ལས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་པས་ནང་དོན་ཞིབ་ཅིང་ཕྲ་བའི་PPTསྤྱད་དེ། པར་རིས་དང་ཡི་གེ་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་ནས། ཁེ་ལས་ཀྱི་ལས་བཟོ་བར་རྒྱལ་སྲུང་སྐུལ་སློང་གི་ཤེས་བྱ་ཁྱབ་གདལ་བཏང་ཡོད། དེ་ཡང་མི་དམངས་མཁའ་ཟོན་གྱི་དོན་སྙིང་གལ་ཆེན་ནས་རྒྱུན་གཏན་གྱི་འཕྲལ་སྡོམ་ཉེན་གཡོལ་གྱི་སྤྱོད་གོ་ཆོད་པའི་ཐབས་རྩལ་བར་དང་། དེ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ལྟེ་བའི་དོན་ཚན་བར། རིམ་པ་བཞིན་འགྲེལ་བཤད་བརྒྱབ་པས་ཆེད་ལས་ཀྱི་ཤེས་བྱ་གོ་བདེ་ལ་ཤེས་སླ་བས་མི་སེམས་ལ་ཟུག་ཡོད།

ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཙེང་ཧུང་ཅུན་གྱིས། དེ་རིང་ང་ཚོས་ཆུང་ས་ནས་འགོ་ཚུགས་ཏེ་ལོ་རྒྱུས་དཔྱད་གཞིར་འཛིན་ནས། རྒྱལ་སྲུང་སྐུལ་སློང་གི་དྲོད་ཚད་དང་སྟོབས་ཤུགས་ཚོར་ཐུབ་པར་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ནི་སྔར་ནས་བཟུང་ཚོགས་སྤྱི་ཞིག་གི་འགན་འཁྲི་མིན་པར་མི་དམངས་ཡོངས་ཀྱི་ཐུན་མོང་བྱ་གཞག་ཡིན་པ་དང་། རྒྱལ་སྲུང་སྐུལ་སློང་གི་གཏིང་ཤུགས་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་ལས་བྱུང་བ་དང་། མི་དམངས་དུང་ཕྱུར་མང་པོ་བློ་གཅིག་སེམས་གཅིག་དང་མི་རིགས་ཁག་གི་སྤུན་ཟླ་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། མི་ཚང་མས་འབད་བརྩོན་ཕྲན་བུ་བྱས་པ་དེ་མཐར་རྒྱལ་ཁབ་བདེ་འཇགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།

ལྷ་སའི་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་ཅ་ལིས། ད་ཐེངས་ཀྱི་རྒྱལ་སྲུང་སློབ་གསོའི་སྒྲོག་འགྲེལ་ནང་ཞུགས་རྗེས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཞུང་ཁོངས་ཁེ་ལས་ཀྱི་དམངས་ཡོངས་ཀྱི་རྒྱལ་སྲུང་ཁྲོད་ཀྱི་འགན་འཁྲི་དེ་བས་ཁ་གསལ་དུ་ཕྱིན་སོང་། རྒྱལ་སྲུང་ནི་དམག་དཔུང་གི་ལས་དོན་ཁོ་ན་མིན་པར་ཁེ་ལས་འཕེལ་རྒྱས་དང་ལས་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་པས། རྒྱལ་སྲུང་ལ་སེམས་ཁུར་དང་རྒྱལ་སྲུང་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་འབོད་ཚིག་ནས་ལས་མིའི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱས་ཏེ། དམངས་ཡོངས་ཀྱིས་རྒྱལ་སྲུང་འཛུགས་སྐྱོང་བྱེད་པའི་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པའི་ངོས་འཛིན་གཏིང་ཟབ་བྱུང་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོར་རྒྱལ་སྲུང་སྐུལ་སློང་དང་འཕྲལ་སྡོམ་འགོག་སྲུང་གི་ཤེས་བྱ་ཁྱབ་གདལ་ཏན་ཏིག་བཏང་བ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210864.html 1 གྲོང་ཁྱེར་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་གིས་རྒྱལ་སྲུང་བདེ་འཇགས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ། /enpproperty-->