分享按钮

རང་གྲོང་གི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སློག་པ།

པར་འདི་ནི་ཁྲིམས་འཛིན་པས་ཐན་ཧའེ་ཚོང་གྲོང་གི་ཉེ་འགྲམ་དུ་ལམ་ཧམ་བཟུང་གིས་ཚོང་གཉེར་བྱེད་མཁན་ལ་བཅོས་སྒྲིག་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མང་ཚོགས་ཀྱིས་གླེང་མང་བའི་ཐེན་ཧའེ་ཚོང་རའི་མཐའ་འཁོར་གྱི་སྐོར་སྐྱོད་ཚོང་པས་ཁྲིམས་འགལ་ངང་ལམ་ཧམ་བཟུང་གིས་ཚོང་གཉེར་བྱེད་པ་དང་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།ཉེ་ཆར་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཆེན་གྲོང་ནུབ་རུ་ཆེན་གྱིས་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་རྩེད་ཞིང་སྡེ་ཁུལ་དང་།གྲོང་ཁྱེར་དོ་དམ་ཁྲིམས་འཛིན་སྡེ་ཚན། ཀུན་བདེ་གླིང་མངགས་གཏོང་ཁང་བཅས་དང་མཉམ་དུ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་བརྒྱབ་སྟེ་འགྲོ་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་སྦྱིན་ཡོད།

བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་།སྡེ་ཚན་ཁག་གིས་གནད་སྨིན་ལས་བགོས་དང་མཉམ་དུ་ཤུགས་སྣོན་རྒྱག་པ་དང་།འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ལམ་སྟོན་སློབ་ཁྲིད་དང་ཁྲིམས་འགལ་ཞིབ་བཤེར་ཐག་གཅོད་ཀྱི་འགན་འཁུར་བ།གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་སྐོར་སྐྱོད་ཁྲོམ་བཀྱག་གཙོ་གནད་ཐོག་གཙང་སེལ་བྱེད་པ། མངགས་གཏོང་ཁང་དང་དེ་བཞིན་སྡེ་ཁུལ་གྱིས་དུས་གཅིག་ཏུ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བཅས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་བཅོས་སྒྲིག་གི་མཉམ་ཤུགས་ཤིག་ཆགས་པར་བྱས་ཡོད།

བཅོས་སྒྲིག་བྱེད་རིང་།མཉམ་འབྲེལ་བཅོས་སྒྲིག་ཚོགས་ཆུང་གིས་ཐེན་ཧའེ་ལམ་སོགས་གཙོ་གནད་ས་ཁོངས་སུ་གཅིག་སྡུད་གཙང་བཤེར་བྱས་པ་རེད། ཁྲིམས་འཛིན་མི་དམངས་ཉེན་རྟོག་པས་ཡུལ་དངོས་སུ་ཁ་ཏ་སློབ་གསོ་དང་།ཁྲིམས་ལུགས་ཁྱབ་གདལ་སློབ་གསོ།དེ་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་དང་ཟུང་འབྲེལ་བྱས་ནས་ཚོང་དུད་ལམ་ནས་ཁ་བྲལ་རྒྱུར་ཁྲིད་སྟོན་བྱས་ཏེ་རླངས་འཁོར་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།བསྡོམས་རྩིས་ལ་གཞིགས་ན།ཟླ་10ཚེས་23ཉིན་ཁོ་ནར་གྲོང་ནུབ་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ལམ་དུམ་དེར་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་150ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན།ང་ཚོས་རྒྱུན་གཏན་གྱི་སྐོར་གཡེང་དང་མཉམ་འགུལ་ཁྲིམས་འཛིན་ཟུང་འབྲེལ་གྱི་རྒྱུན་རྣམ་ཅན་གྱི་དོ་དམ་ཚོད་འཛིན་ལམ་སྲོལ་བཙུགས་ནས་སྐོར་གཡེང་བྱེད་ཐེངས་མང་དུ་གཏོང་བ་དང་། དུས་བཀག་ལྟར་མཉམ་འབྲེལ་བཅོས་སྒྲིག་བྱས་ཏེ་ཕན་འབྲས་རྒྱུན་མཐུད་ནས་སྲ་བརྟན་དང་གནད་དོན་བསྐྱར་ལོག་སྔོན་འགོག་བྱས་ནས་གྲོང་མིར་བདེ་འཇགས་དང་།གོ་རིམ་ལྡན་པ།ཤར་གཏོང་བཅས་ཀྱི་ཕྱིར་སྐྱོད་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210863.html 1 རང་གྲོང་གི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སློག་པ། /enpproperty-->