སྟོན་ཟླ་བཅུ་པའི་ཆུ་ཤུར་གྱི་ས་གཞི་ཆེན་མོར་ལོ་ལེགས་ཀྱི་འབྲས་བུ་གཡུར་དུ་ཟ་བ་སྨིན་ནས་ཚ་རླབས་རབ་ཏུ་འཕྱུར།ཟླ་10ཚེས་11ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོ་དང་།ཆུ་ཤུར་གྲོང་རྡལ་འཇུན་པ་ཉ་ལས་གྲོང་ཚོ།བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ་དང་འབྲེལ།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་ནས་ཆུ་ཤུར་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟག་དཔྱད་གནད་སྨིན་དང་ཁ་ཕྱོགས་གསལ་སྟོན་གནང་བས།ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་རེད།
དེ་སྔ་གྲོང་ཚོའི་གནས་ཚུལ་ཆེ་ཆུང་ཚང་མར་སྣེ་ཁྲིད་བྱེད་མཁན་མེད།ད་ཆ་ཏང་ཡོན་ལས་བྱེད་པ་རང་འགུལ་ངང་སྒོ་རྩར་བསྐྱོད་དེ་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབས་པས།གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཡོད་ཅེས་པ་འདི་ནི་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོའི་གྲོང་མི་ཚོས་རྟ་དཀར་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ནས་ད་ཆའི་འགྱུར་མེད་སྟོབས་ལྡན་བར་འགྱུར་ལྡོག་ཕྱིན་པར་གདེང་འཇོག་བྱས་པ་ཞིག་ཡིན།
2024ལོར་རྟ་དཀར་གྲོང་ཚོ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་རེད།ཏང་རྩ་འཛུགས་ཉམས་ཞན་པ་དེ་གང་དུ་ཡོད་ན་དེར་བཅོས་སྒྲིག་བྱེད་དགོས་ཤིང་།གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་སྟེ་གྲོང་ཚོ་རིམ་པའི་དོ་དམ་ལ་གཞི་འཛིན་ས་ཡོད་པར་བྱས་ཡོད།མི་བསྐོ་འདེམས་ཀྱི་མཐོང་རྒྱ་ཆེ་རུ་བཏང་ནས་ཕྱུག་འགྱུར་འཇོན་ཐང་ཅན་དང་ཕུལ་བྱུང་གཞོན་ནུ་ཏང་ཡོན་ཁྲོད་ནས་རྐང་འཛིན་པ་བདམས་ཏེ།ཨུ་ལྷན་གཉིས་ཀྱི་ཚན་ཁག་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་།ཕྱུག་འགྱུར་སྣེ་ཁྲིད་མཁན།སྙན་གྲགས་མཐོ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་ཡོད།དེ་དང་ཆབས་ཅིག གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཏང་རྩ་འཛུགས་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社