分享按钮

ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པའི་ཐད་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེཊ་པའི་ཐད་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་གདུང་སེམས་ཆེན་པོས་མྱ་ངན་ཞུས་ཤིང་ཐེ་ལན་གྱི་རྒྱལ་པོ་ཚང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད།

ཞི་ཅིན་ཕེང་གིས་རྒྱལ་ཡུམ་ཧྲེ་ལི་ཅིར་ཐེ་ལན་རྒྱལ་པོ་ཚང་དང་མི་དམངས་ཀྱི་སེམས་ནང་སྙན་གྲཊ་ཆེན་པོ་ལྡན་ཡོད། ཁོང་གིས་ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོཊ་ཡིད་དུ་བཅངས་ནས་རྒྱལ་པོ་ཧྥུ་སྨི་ཕུང་གི་ཚབ་ཞུས་ཏེ་ཀྲུང་གོར་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དམིཊ་བསལ་གྱི་བརྩེ་སེམས་དར་སྤེལ་གཏོང་ཆེད་ལེཊ་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ནམ་ཡང་ཁོང་ལ་དྲན་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-28 6 6 拉萨日报藏文 c210862.html 1 ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པའི་ཐད་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ། /enpproperty-->