分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དམངས་གཉེར་ཁེ་ལས་སུ་དོན་འཁྱོལ་བྱེད་པ་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཆེད།ཟླ་10ཚེས་15ཉིན།སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ལས་དོན་ཨུ་ལྷན་གཉིས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཏང་ཨུད་ཀྱིས་གདོང་དཀར་ཁྲོམ་གཞུང་གི་ཁེ་ལས་ཆུང་གྲས་དང་།སྒེ་གཉེར་ཚོང་དུད།ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མི་སྟེ་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་དགེ་རྒན་པ་སངས་སྒྲོལ་མ་གདན་དྲངས་ནས་ཆུས་དེའི་དམངས་གཉེར་ཁེ་ལས་30ཡི་འགན་འཁུར་བ་50ལྷག་ཙམ་ལ་ཆེད་དོན་སྒྲོལ་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་བྱེད་རིང་།པ་སངས་སྒྲོལ་མས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད།མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ》ཞེས་པ་གཙོ་དོན་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་སོགས་ཕྱོགས་གསུམ་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་ཐད་གོ་བདེ་ལ་ཤེས་སླ་བ་དང་།ཕྱོགས་ཡོངས།ཞིབ་ཚགས་བཅས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།

སྒྲོག་འགྲེལ་ལ་ཉན་རྗེས།ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ལ་གོ་བ་གཏིང་ཟབ་བླངས་ཏེ།དྲིན་ཚོར་གྱི་བསམ་པ་དང་གུས་བཀུར་གྱི་བསམ་པ་དེ་འབད་འབུངས་ཡར་བརྩོན་དང་དོན་འཁྱོལ་གྱི་བྱ་ཐབས་སུ་མཐའ་གཅིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།སྒྲོག་འགྲེལ་མཇུག་འགྲིལ་རྗེས།དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་གཅིག་རྗེས་གཉིས་མཐུད་ངང་རིན་མེད་ཁྲག་འབུལ་བྱེད་སྒོའི་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་དང་ལས་འགན་ལག་ལེན་བསྟར་ཡོད།

བོད་ལྗོངས་ཅེ་ཧྲེང་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥུའུ་དབན་ཆང་གིས་དམངས་གཉེར་ཁེ་ལས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས།རང་ཉིད་ལ་འགན་འཁྲི་ལྕི་བ་དང་ལས་འགན་ཕྲག་ཐོག་ཏུ་འཁུར་བའི་མྱོང་ཚོར་ཟབ་མོ་བྱུང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་རང་འཁྲིའི་ལས་གནས་ཐོག་འབད་འཐབ་ལྷོད་མེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད།དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བྱུང་།ཁྲག་འབུལ་བ་ནི་རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུས་གཅེས་སེམས་བརྒྱུད་སྤྲོད་བྱེད་པའི་བྱ་ཐབས་ཤིག་ཡིན་ལ།དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་ཤིག་ཀྱང་ཡིན་པས།ང་ཚོས་སྤྱི་ཕན་བྱ་གཞག་གི་ལམ་བུའི་ཐོག་མུ་མཐུད་དེ་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210380.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ། /enpproperty-->