分享按钮

ཆུ་ཤུར་རྫོང་གིས་ཁེ་ལས་འབྲིང་ཆུང་གི་ཆེད་དོན་མ་དངུལ་སྲིད་ཇུས་ཀྱི་གསོ་སྦྱོང་བྱས་ནས་སྲིད་ཇུས་དོན་འཁྱོལ་གྱི་མཐའ་མའི་འགག་གནད་བསལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་16ཉིན།

ཆུ་ཤུར་རྫོང་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་དང་ཚོང་དོན་ཅུས་ཀྱི་མཛུབ་ཁྲིད་འོག ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་གསོ་སྦྱོང་རྟེན་གཞིས《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》ཀྱི་སྲིད་ཇུས་གསལ་འགྲེལ་གསོ་སྦྱོང་བྱས་པ་རེད། ཐེངས་འདིའི་བྱེད་སྒོར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཁེ་ལས་འབྲིང་ཆུང་ཞབས་ཞུ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ལི་ཧུང་སློབ་ཁྲིད་བྱེད་པར་གདན་དྲངས་པས། ཆུ་ཤུར་རྫོང་གི་ཁེ་ལས་20ལྷག་ཙམ་གྱི་འཐུས་མི་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཁེ་ལས་ཀྱིས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་མི་ཐུབ་པ་དང་། འདུན་ཞུའི་བརྒྱུད་རིམ་མ་ལག་མི་ཚང་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད།

ཁེ་ལས་འབྲིང་ཆུང་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་སྲིད་ཇུས་རེ་ཞུའི་བརྒྱུད་རིམ་ནང་རྟག་ཏུ་ལྟ་མི་ཤེས་པ་དང་སྤྱོད་མི་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས། ཐེངས་འདིའི་གསོ་སྦྱོང་ནང་ཁེ་ལས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་སྲིད་ཇུས་གསལ་འགྲེལ་དང་།བརྒྱུད་རིམ་མཛུབ་ཁྲིད། གྱོད་དཔེ་དབྱེ་ཞིབ། མཉམ་འགུལ་ཐོག་དོགས་གཞིར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང་། ལྟེ་བའི་དོན་ཚན་གྱི་རེ་ཞུའི་གཙོ་གནད་བཅས་དཔེ་དབྱིབས་ཆེན་པོ་གསུམ་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་རེད། ལི་ཧུང་གིས་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ཚན་པ་ལས་བརྒལ་བའི་སྲིད་ཇུས་སྦྲེལ་མཐུད་དང་། སྔོན་རྩིས་སྒྲིག་ཁོངས་ཚད་ལྡན་སོགས་ཀྱི་གནད་དོན་ལ་ཆེད་ལས་ཀྱི་ལན་བཏབ་ནས། ཁེ་ལས་ལ་ཡིག་ཐོག་སྙན་ཞུའི་བསམ་ཕྱོགས་གསལ་བཟོ་དང་རྒྱུན་མཐོང་གི་ནོར་འཁྲུལ་མི་ཐོན་པའི་རོགས་རམ་བྱས་ཡོད་ཅེས་བཤད། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་གསོ་སྦྱོང་གི་ནང་དོན་གོ་ཆོད་རང་བཞིན་ཆེ་བས་ད་ལོའི་ཆེད་དོན་མ་དངུལ་རེ་ཞུའི་ལས་དོན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། གསོ་སྦྱོང་རྟེན་གཞིའི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་གསོ་སྦྱོང་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས། སྲིད་ཇུས་ཀྱི་གཟིགས་སྐྱོང་ལས་ཁེ་ལས་ལ་གནད་སྨིན་ངང་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཕྱིས་འབྱུང་། ཆུ་ཤུར་རྫོང་ས་གཙང་བདེ་ཐང་ཐོན་ལས་གསོ་སྦྱོང་རྟེན་གཞིས་སྲིད་ཇུས་དོན་འཁྱོལ་གྱི་མཐའ་མའི་འགག་གནད་ཀྱི་གནད་དོན་ལ་མུ་མཐུད་ནས་དམིགས་ཏེ། གནད་སྨིན་ཞབས་ཞུ་བརྒྱུད་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་བོད་ཀྱི་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210379.html 1 ཆུ་ཤུར་རྫོང་གིས་ཁེ་ལས་འབྲིང་ཆུང་གི་ཆེད་དོན་མ་དངུལ་སྲིད་ཇུས་ཀྱི་གསོ་སྦྱོང་བྱས་ནས་སྲིད་ཇུས་དོན་འཁྱོལ་གྱི་མཐའ་མའི་འགག་གནད་བསལ་བ། /enpproperty-->