ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཚན་ཁག་དེ་ནུབ་རྒྱུད་དབང་རྩའི་སྙོམས་སྒྲིག་དང་ཀླད་འཕྲུལ་སྦྲེལ་རྩལ་ཆེད་ལས་ཚན་ཁག་གི་མནའ་འབྲེལ་ནང་དངོས་སུ་ཞུཊ་པ་དང་འབྲེལ་ཁྲུང་ཆིང་དུ་གཉེར་བའི་མནའ་འབྲེལ་འཛུཊ་པའི་ཚོགས་ཆེན་ཐོག་ལས་འཛིན་ཚན་པའི་སྒོ་བྱང་བླངས་པ་རེད། མནའ་འབྲེལ་དེ་ནི་སྐམ་དམག་གསོ་རིག་སློབ་ཆེན་ཤིན་ཆའོ་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་དང་དབང་རྩའི་ཁོག་ནད་ཚན་ཁག་གིས་སྣེ་ཁྲིད་དེ་བཙུགས་པ་ཞིག་ཡིན་པ་དང་། ནུབ་རྒྱུད་ཀྱི་ས་གནས་སྨན་ཁང་70དང་དཔུང་སྡེའི་སྨན་ཁང་14ཡི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཡོད། ཀྲུང་འཇར་མཛའ་གྲོགས་སྨན་ཁང་དང་ཐེན་ཐན་སྨན་ཁང་སོགས་རྒྱལ་ནང་གི་རྩེར་སོན་རིགས་གཅིག་མཁས་ཅན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་དམིགས་ཡུལ་ནི་དབང་རྩའི་ནད་གཞི་གནད་སྨིན་ནད་བརྟག་སྨན་བཅོས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཚན་ཁག་གི་ཀྲུའུ་རེན་རྒུ་རུ་རྒྱལ་མཚན་གྱིས་སྨན་ཁང་གི་ཚབ་ཞུས་ནས་ཚོགས་འདུར་ཞུགས་པ་དང་འབྲེལ་ལས་འཛིན་ཚན་པའི་སྒོ་བྱང་བླངས་པ་རེད། ཉེ་བའི་ལོ་ཤས་རིང་། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཚན་ཁག་གིས་ས་མཐོའི་དམིཊ་བསལ་གྱི་ཁོར་ཡུག་ལ་གཞི་ཚུགས་ཏེ།དམག་དམངས་ཀྱི་སྨན་བཅོས་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་ལག་རྩལ་གྱི་འཇུར་མིག་ལས་རྒྱུན་ཆད་མེད་པར་སྒྲོལ་ཏེ་སྔ་རྗེས་སུ་བོད་ཀྱི་ཚོར་ཉམས་མིའི་རྒྱུངས་པར་གློག་གིས་ཟུག་གཟེར་སློང་བའི་གཤགས་བཅོས་ཐོག་མ་དེ་བྱས་པ་དང་། དབང་རྩའི་ནུས་པ་ཉམས་གསོའི་གཤགས་བཅོས་མང་པོ་བྱས་ནས་ས་མཐོའི་ས་ཁུལ་གྱི་ནུས་པའི་དབང་རྩའི་ཕྱི་བཅོས་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། རྒུ་རུ་རྒྱལ་མཚན་གྱིས། མནའ་འབྲེལ་ནང་ཞུགས་རྗེས་སྨན་ཁང་གིས་ས་ཁོངས་སྒྲོལ་བའི་སྨན་བཅོས་མཉམ་ལས་ཀྱི་ལས་སྟེགས་ལ་བརྟེན་ནས་དབང་རྩའི་སྙོམས་སྒྲིག་ལག་རྩལ་བཀོལ་སྤྱོད་དང་། ནུས་པའི་དབང་རྩའི་ཕྱི་བཅོས་སྨན་བཅོས། བརྒྱལ་གཟེར་གཤགས་བཅོས་ཚད་ལྡན་ཅན་གྱི་སྨན་བཅོས་སོགས་ཀྱི་ཐད་ཚད་བརྒལ་ཡོང་བར་བྱས་ཏེ།སྔོན་ཐོན་ལག་རྩལ་མང་པོ་ཞིག་བོད་དུ་ཐོག་མར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཕྱིས་འབྱུང་།སྨན་ཁང་དེས་རྐང་འཛིན་སྨན་པ་སྐམ་དམག་དམག་ཁོངས་གསོ་རིག་སློབ་ཆེན་ཤིན་ཆའོ་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་བཏང་ནས་དབང་རྩ་སྙོམས་སྒྲིག་དང་ཀླད་འཕྲུལ་སྦྲེལ་རྩལ་སོགས་ཀྱི་ལག་རྩལ་རྩེ་གྲ་གཙོ་གནད་ཐོག་འགག་སྒྲོལ་བྱེད་པ་དང་འབྲེལ་རྒྱལ་ཡོངས་ཀྱི་ལྟེ་གནས་མང་པོའི་ནད་ཐོག་ཞིབ་འཇུག་ནང་ཞུགས་ནས་ཚན་ཞིབ་དང་ནད་ཐོག་སྨན་བཅོས་གཞན་སྒྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད། འབྱུང་འགྱུར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབང་རྩའི་ཚན་ཁག་གིས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社