分享按钮

བསོད་ནམས་དབྱངས་སྐྱིད་ཀྱིས་གཞི་རིམ་དུ་དཀའ་སྤྱད་འབད་བརྩོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་པ།

བསོད་ནམས་དབྱངས་སྐྱིད་ནི་ཆུ་ཤུར་རྫོང་དུ་ཀུན་གྱིས་ཤེས་པའི་གྲགས་ཅན་མི་སྣ་ཞིག་ཡིན། ཁོང་གིས་གཞི་རིམ་དུ་ལེགས་སྐྱེས་ཕུལ་ནས་ལོ་23སོང་ཞིང་། ད་ཆ་ཆུ་ཤུར་རྫོང་ཚལ་སྣེ་གྲོང་རྡལ་གྱི་རིམ་བཞིའི་བརྟག་ཞིབ་པ་ཞིག་ཡིན་པ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ས་གཞི་གཤིན་པོའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།

2002ལོར་ལས་གནས་ཐོག་སླེབས་པ་ནས་བཟུང་། བསོད་ནམས་དབྱངས་སྐྱིད་ཀྱི་ལོ་15ཡི་དུས་ཚོད་ཚ་རགས་ཤང་དང་རྟ་དཀར་གྲོང་རྡལ་སོགས་གྲོང་གསེབ་ཀྱི་འཐབ་ས་དང་པོར་གཞི་ཚུགས་ཡོད། 2015ལོར་རྟ་དཀར་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཀྱི་འགན་འཁུར་མ་ཐག་པའི་ཁོང་གིས་འཕྲལ་མར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་74ལ་འཚམས་འདྲི་བྱས་པ་དང་། ཉེ་འཁོར་གྱི་མང་ཚོགས་ཀྱི་ཁྱིམ་ཚང་ཚང་མར་ཡང་བཅར་འདྲི་བྱས་ནས་ལོ་ཧྲིལ་པོར་ངལ་གསོ་བརྒྱབ་མེད། ཁོང་གི་ཟིན་བྲིས་དེབ་ཐོག་ཟིན་ཐོ་མང་པོ་བཀོད་པའི་དུད་ཚང་ཚང་མའི་གནས་ཚུལ་དེ་རྟ་དཀར་གྲོང་ཚོའི་གནད་སྨིན་དབྱེ་འབྱེད་ལས་དོན་མདུན་གྲལ་དུ་སྐྱོད་རྒྱུའི་འགག་རྩར་གྱུར་ཡོད།

2016ལོར། བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཁག་དང་པོ་སྟེ་གསུམ་ལྡན་གྲོང་ཚོ་བསྐྲུན་ཟིན་པ་དང་།བསོད་ནམས་དབྱངས་སྐྱིད་ཀྱིས་མང་ཚོགས་ཀྱི་རྨང་གཞི་བརྟན་པོར་བརྟེན་ནས་ཧྲུའུ་ཅི་དང་པོའི་ལས་འགན་ལྕི་པོ་དང་ལེན་བྱས་པ་རེད། ཁོང་གིས་གཟའ་འཁོར་གཅིག་ཁོ་ནར་དུད་ཚང་180ཡི་མང་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ཏེ། ཚང་མའི་སྣེ་ཁྲིད་དེ་བཞོན་མ་དང་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་བཏང་བ་དང་། དུས་ཐུང་ཟླ་བ་བཞིའི་ནང་མང་ཚོགས་ལ་ཁེ་སྤོགས་ཐོག་མ་དེ་རག་ནས་གསུམ་ལྡན་གྲོང་ཚོ་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དཔེ་མཚོན་གྲོང་ཚོར་གྱུར་ཡོད།

ཕྱི་ལོར། ཁོང་སླར་ཡང་དུས་བཞི་བཀྲ་ཤིས་གྲོང་ཚོར་བསྐྱོད་དེ་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བར་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས། ཁོང་གིས་དབུལ་སྐྱོར་བྱེད་དགོས་ན་སྔོན་ལ་ངེས་པར་ལམ་ལུགས་ཡག་པོ་བཟོ་དགོས་པའི་འདུ་ཤེས་ལ་བརྟེན་ནས། “བློ་སྐྱོར་དང་། རིག་སྐྱོར། ལམ་ལུགས་ལ་རོགས་སྐྱོར”བཅས་རོགས་སྐྱོར་གསུམ་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་སྣེ་ཁྲིད་དེ་བུད་མེད་ཀྱི་ལག་ཤེས་བསླས་འཐག་མཉམ་ལས་ཁང་བཙུགས་པས་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་སེམས་པ་ཡང་བརྟན་དུ་ཕྱིན་ཡོད།

དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་དང་འབྲེལ་བ་ཡོད་པས་ས་ཁུལ་མི་འདྲ་བའི་མང་ཚོགས་མཉམ་འདྲེས་བྱ་རྒྱུ་ནི་འགག་རྩ་རེད། བསོད་ནམས་དབྱངས་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཕྱོགས་གཅིག་ནས་གྲོང་ཚོའི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་དུད་ཚང་རེ་རེ་བཞིན་གྱི་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་།གནས་སྤོས་མང་ཚོགས་མགྱོགས་མྱུར་མཉམ་འདྲེས་ཐུབ་པ་བཅས་བྱས་པས་གྲོང་ཚོ་ཡོངས་སུ་འགལ་ཟླ་དང་རྩོད་གཞི་གཅིག་ཀྱང་ཐོན་མྱོང་མེད།

ཁོ་མོ་རིག་གནས་ལ་བརྟེན་ནས་སེམས་སྦྲེལ་ཟམ་པ་འཛུགས་པར་མཁས་ཤིང་། གཤམ་སྐྱོད་ལས་བྱེད་པ་ཀྲེང་ཝན་ལིང་དང་དགའ་རོགས་དབར་ལས་ཀའི་དབང་གིས་གཉེན་སྒྲིག་ནར་འགྱངས་བྱས་པ་ཤེས་རྗེས། བསོད་ནམས་དབྱངས་སྐྱིད་ཀྱིས་རང་འགུལ་ངང་སྣེ་ཁྲིད་དེ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཉེན་སྟོན་ཞིག་ཇུས་འགོད་ཞིབ་ཚགས་བྱས་པ་རེད། དཀར་གཙང་མཇལ་དར་དང་སྙན་འཇེབས་ལྡན་པའི་བོད་གཞས་ཁྲོད་རྒྱ་རིགས་ལས་བྱེད་པས་བོད་རིགས་རིག་གནས་ཀྱི་དྲོ་སྐྱིད་དང་ཡིད་དབང་འཕྲོག་ཤུགས་ཚོར་བར་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་དེ་བས་ཉེ་རུ་ཕྱིན་ཡོད།

བསོད་ནམས་དབྱངས་སྐྱིད་ཀྱིས་ང་ལ་མཚོན་ན། མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཙམ་མ་ཡིན་པར། ང་ཚོས་འབད་འཐབ་ཧུར་ཐག་དང་ལག་ལེན་ཧུར་ཐག་བྱེད་པའི་ལས་འགན་ཞིག་ཡིན་ལ། ང་ཚོས་སེམས་ནུས་ཡོད་རྒུས་ལག་ལེན་བསྟར་བའི་རིན་ཐང་དོན་གཉེར་ཞིག་ཀྱང་ཡིན། ལོ་མང་རིང་ངས་ཆུ་ཤུར་རྫོང་གི་འཕེལ་རྒྱས་དང་འཕོ་འགྱུར་དངོས་སུ་མཐོང་བྱུང་། དེ་དག་ཚང་མ་གཞི་རིམ་དུ་འབད་འཐབ་བྱེད་བཞིན་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལེགས་སྐྱེས་དང་ཁ་འབྲལ་ཐབས་མེད། ཚང་མས་ཐུན་མོང་ཐོག་འབད་བརྩོན་དང་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཚེ་གཞི་ནས་ཆུ་ཤུར་རྫོང་གི་འཕེལ་རྒྱས་དེ་བས་ལེགས་པ་དང་རྒྱང་རིང་དུ་འགྲོ་ཐུབ་ཅེས་བཤད།

2022ལོར་ཆུ་ཤུར་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པར་ལས་སྒྱུར་བྱས་རྗེས། བསོད་ནམས་དབྱངས་སྐྱིད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད། ཁོང་གིས་ཆུ་ཤུར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཅུས་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བའི་རིག་རྩལ་འཁྲབ་སྟོན་ཐེངས་མང་ཇུས་འགོད་བྱས་ནས་ལི་སུའུ་རིགས་ཀྱི་ཕོ་གཞོན་དང་བོད་རིགས་བུ་མོའི་དབར་གྱི་བརྩེ་དུང་གི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་དང་།ཤང(གྲོང་རྡལ)ཁག་སྒྲིག་འཛུགས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་བྱེད་སྒོ་སྤེལ་ནས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཝུའུ་མིན། 6 6 拉萨日报藏文 c210373.html 1 བསོད་ནམས་དབྱངས་སྐྱིད་ཀྱིས་གཞི་རིམ་དུ་དཀའ་སྤྱད་འབད་བརྩོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་པ། /enpproperty-->