分享按钮

ཟླ་བ་ཚེ་རིང་གིས་རོལ་དབྱངས་ལ་བརྟེན་ནས་ འཛམ་གླིང་དང་འབྲེལ་ཟམ་བཙུགས་པ།

པར་འདི་ནི་ཟླ་6ཚེས་17ཉིན། ཁ་བཏགས་དཀར་པོ་ལོང་བའི་རོལ་དབྱངས་ཚོགས་པས་ཕོ་བྲང་པོ་ཏ་ལའི་མདུན་དུ་དྲན་རྟེན་པར་བརྒྱབ་པའི་རྣམ་པ་ཡིན།

ད་ལོ་ལོ་26ལ་སླེབས་པའི་ཟླ་བ་ཚེ་རིང་ནི་བོད་ཀྱི་ལོང་བའི་རོལ་དབྱངས་ཚོགས་པ་དང་པོ་སྟེ་ཁ་བཏགས་དཀར་པོ་ཞེས་པའི་རོལ་དབྱངས་དཀྲོལ་མཁན་ཞིག་རེད། ཁོང་ཆུང་དུས་ནས་ལོང་བར་གྱུར་མོད། འོན་ཀྱང་ཁོང་གིས་རོལ་དབྱངས་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་བ་བྱེད་པའི་ཟམ་པ་ཞིག་བཙུགས་པ་དང་། འགྱུར་ཁུག་ཁྲོད་རང་ཉིད་ལ་དབང་བའི་གནམ་ས་བཏོད་ཐུབ་པ་ཞིག་བྱུང་ཡོད།

2009ལོར། ལོ་10ལ་སླེབས་པའི་ཟླ་བ་ཚེ་རིང་ལྷ་སའི་ལོང་བའི་བྱིས་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཁོང་གིས་རྒྱ་སྐད་དང་། བོད་སྐད། དབྱིན་སྐད་བཅས་ཀྱི་ཐོག་ནས་སྤེལ་རེས་བྱེད་ཀྱི་ཡོད། 2014ལོར། ཟླ་བ་ཚེ་རིང་ལོང་བའི་བྱིས་པའི་སློབ་གྲྭ་ནས་ཐོན་ཏེ་སློབ་གྲྭ་དཀྱུས་མར་མུ་མཐུད་དེ་སློབ་སྦྱོང་ལ་གཞོལ་ཡོད། 2019ལོར། ཁོང་ཁ་བཏགས་དཀར་པོ་ལོང་བའི་རོལ་དབྱངས་ཚོགས་པར་ཞུགས་ནས་བརྒྱུད་རིམ་ལྡན་པའི་ངང་གླིང་བུ་དང་། དབྱང་ཆིན་སྦྱངས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་དཀྲོལ་གཏོང་མཛད་ཡོད། རོལ་དབྱངས་ཀྱིས་ཟླ་བ་ཚེ་རིང་ལ་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་ཕྱེ་ཡོད་མོད། ཁོང་གིས་འཁྲབ་སྟོན་བྱེད་སྐབས་ངས་གངས་རི་དང་། བླ་མཚོ། རྒན་རྒོན། ལུག་འཚོ་བ། དེ་བཞིན་བྱིས་པས་རྩེད་འཇོར་རོལ་བ་སོགས་ཀྱི་རྣམ་པ་མིག་མདུན་དུ་འཆར་བཞིན་འདུག་ལ། རོལ་དབྱངས་ཀྱིས་ང་ལ་ཕུགས་འདུན་གསར་པ་ཞིག་སྦྱིན་ཡོད་པ་སྟེ། ཕྱིས་འབྱུང་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་རྗེས་རོལ་དབྱངས་ཀྱི་ཁྱད་ཆོས་ལྡན་པའི་བུ་བཅོལ་ཁང་ཞིག་བཙུགས་ཏེ། ཕྲུ་གུ་ཚོར་སློབ་ཁྲིད་བྱ་རྒྱུའི་འདུན་པ་ཡོད་ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གསར་འགྱུར་གཞིར་བཟུང)(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210372.html 1 ཟླ་བ་ཚེ་རིང་གིས་རོལ་དབྱངས་ལ་བརྟེན་ནས་ འཛམ་གླིང་དང་འབྲེལ་ཟམ་བཙུགས་པ། /enpproperty-->