分享按钮

ཏང་གི་ཚོགས་པ་གཞི་གཅིག་ཅན་གྱི་ གཙོ་དོན་དཔེ་སྟོན་བྱེད་སྒོ་ ལྷ་སར་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་གཙོ་འཛིན་གྱི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བ་བྱེད་པར་བདག་ཡོད་ཅེས་པའི་ཏང་གི་ཚོགས་པ་གཞི་གཅིག་ཅན་གྱི་གཙོ་དོན་དཔེ་སྟོན་བྱེད་སྒོ་དེ་སྡེ་ཚོགས་གྲོང་ཨུད་ཀྱི་ནུས་མང་ཐིང་དུ་སྤེལ་བ་རེད། བྱེད་སྒོའི་ཐོག་གནས་ཚུལ་མཚོན་པའི་སློབ་ཚན་དང་། གསར་བརྗེའི་གླུ་གཞས་མཉམ་གཏོང་སོགས་ཀྱི་རྣམ་པ་བརྒྱུད་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་མངོན་པར་བྱས་པ་དང་། ཡུལ་དངོས་སུ་དགེ་རྒན་དང་སློབ་མ་300ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

འཁྲབ་སྟོན་བྱེད་སྒོ་ལེའུ་བཞི་ལ་དབྱེ་ཡོད་པ་སྟེ། ལེའུ་དང་པོ་མེ་སྟག་རྒྱུན་འཛིན་ཞེས་པ་དེ《དམར་མདངས་བཀྲ་བའི་དར་ཆ》ཞེས་པའི་ནང་འགོ་ཚུགས་ཤིང་། ལེའུ་གཉིས་པ་གདོང་ལེན་སྣེ་ཁྲིད་ཀྱིས་མིག་དཔེའི་སྟོབས་ཤུགས་མངོན་གསལ་དོད་དུ་བཏང་བ་དང་། ཇོ་མོ་གླང་མའི་ལོ་ཆུང་མཉམ་གཞས་ཚོགས་པས་གསར་བརྗེའི་གླུ་གཞས《རི་འཛེག》ཅེས་པ་བཏང་བ་རེད། མཉམ་གཞས་ནང་ཞུགས་མཁན་སློབ་མ་ཞུས་རུའེ་ཁུན་ཅིས《རི་འཛེག》ཅེས་པའི་གླུ་དབྱངས་ལས་ང་ལ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སེམས་པ་ཞིག་དགོས་པ་གསལ་པོ་ཤེས་བྱུང་། ངའི་རེ་བར་ནར་སོན་རྗེས་གླུ་གཞས་ལྟར་ཟམ་མི་ཆད་པར་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད། བྱེད་སྒོ་དེ《ང་ཀྲུང་གོར་དགའ》ཞེས་པའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་རུ་ཆེན་གྱི་ཟུར་ཁྲིད་པ་ཀྲང་ཧོ་ཡིས་ཐེངས་འདིའི་བྱེད་སྒོས་སྡེ་ཚོགས་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྣམ་པ་སྣ་ཚོཊ་ཀྱི་ཐོག་ནས་མཉམ་འགུལ་གྱི་འབྲེལ་ཟམ་བཙུགས་ཏེ། སློབ་མ་ཚོར་སྡེ་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་དང་སྣེ་ཁྲིད་ཀྱི་ནུས་པ་དངོས་འབྲེལ་ཚོར་ཐུབ་པར་བྱས་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210371.html 1 ཏང་གི་ཚོགས་པ་གཞི་གཅིག་ཅན་གྱི་ གཙོ་དོན་དཔེ་སྟོན་བྱེད་སྒོ་ ལྷ་སར་འཚོགས་པ། /enpproperty-->