分享按钮

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

(པར་ངོས་དང་པོར་མཐུད)རྗེས་མར་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཟོས་ཟིན་པའི་ལས་ཀའི་འཆར་གཞིར་དམིགས་ནས་ལས་དོན་ཁག་སྤེལ་རྒྱུ་རེད། ཕྱོགས་གཅིག་ནས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན། བུད་མེད་དང་བླངས་སྒྲོག་འགྲེལ་ཚོགས་པ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཁུལ་དང་། སྡེ་ཁུལ། ཁྱིམ་ཚང་བཅས་སུ་བསྐྱོད་དེ་ཚོགས་དབྱེ་ཅན་དང་། ཧེ་བག་ཅན། སྣ་མང་ཅན་བཅས་ཀྱི་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་སྙིང་སྟོབས་ཁྱིམ་ཚང་ཀུན་གྱིས་ཤེས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་དང་། ཁེ་དབང་འགན་ལེན། ཁྱིམ་ཚང་སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་དགོངས་དོན་དེ་བུད་མེད་ལས་དོན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བ་བྱ་རྒྱུ་རེད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཐང་ཀྲུང་གིས་སླད་ཕྱིན་ང་ཚོས་རང་གྲོང་གི་བུད་མེད་བྱ་གཞག་ཕྱོཊ་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་རང་གྲོང་གི་བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཁྲོད་གནམ་ཕྱེད་ཀ་འདེཊ་པའི་ནུས་པ་དངོས་འབྲེལ་འདོན་སྤེལ་བྱས་ནས་བུད་མེད་དེ་བས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210370.html 1 གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། /enpproperty-->