分享按钮

ཞི་ཅིན་ཕིང་གིས་སློབ་གཉེར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་དམ་བཅའ་འཇོག་པ། ཞིང་ལས་ལ་དགའ་བའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཞིང་པར་གཅེས་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཀྲུང་གོ་ཞིང་ལས་སློབ་ཆེན་ནི་སྔོན་ཆད་1905ལོར་བཙུགས་པའི་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཞིང་ལས་ཚན་རིག་སློབ་ཆེན་ཡིན་པ་དང་། 1995ལོར་པེ་ཅིང་ཞིང་ལས་སློབ་ཆེན་དང་པེ་ཅིང་ཞིང་ལས་བཟོ་སྐྲུན་སློབ་ཆེན་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་རེད། ཉེ་ཆར། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭའི་ལོ་ངོ་120ཡི་འཕེལ་རྒྱས་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ཏེ་འཛམ་གླིང་གི་སློབ་ཆེན་རྩེ་གྲ་སྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210369.html 1 ཞི་ཅིན་ཕིང་གིས་སློབ་གཉེར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་དམ་བཅའ་འཇོག་པ། ཞིང་ལས་ལ་དགའ་བའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->