分享按钮

ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས།

སློབ་གཉེར་གྱི་སྲོལ་བཟང་དར་སྤེལ་དང་།ཞིང་ལས་སྟོབས་ཆེར་གཏོང་བ།རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱིས་ཞིང་ལས་ལ་རྒྱུས་ལོན་དང་ཞིང་ལས་ལ་དགའ་བའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་བ།

འཕྲིན་ ལན།

ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།

ཁྱོད་ཚོ་བདེ་མོ། འཕྲིན་ཡིག་འབྱོར་བྱུང་། ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་སུ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་བ་དང་རྒྱ་ཆེའི་སློབ་གྲོགས་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྱེད་ཚོས་སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམ་བཅའ་འཇོག་པ། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་པ།གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་རྒྱུས་ལོན་དང་ཞིང་ལས་དགའ་ཞེན་བྱེད་པའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་།

2025ལོའི་ཟླ་10ཚེས་15ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་བ་དང་རྒྱ་ཆེའི་སློབ་གྲོགས་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྱེད་ཚོས་སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ།རྒྱལ་ཁབ་ལ་དྲིན་ལན་འཇལ་བ། སློབ་གསོ་སློབ་ཁྲིད་ཐད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་བྱེད་པ།གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 སློབ་གཉེར་གྱི་སྲོལ་བཟང་དར་སྤེལ་དང་།ཞིང་ལས་སྟོབས་ཆེར་གཏོང་བ།རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱིས་ཞིང་ལས་ལ་རྒྱུས་ལོན་དང་ཞིང་ལས་ལ་དགའ་བའི་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་བ། 6 6 拉萨日报藏文 c210366.html 1 ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། /enpproperty-->