分享按钮

ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྣམ་གྲངས་ཀྱི་འཆར་འགོད་ལ་གསན་པ་དང་། གནས་ཚུལ་ལ་སྐུལ་འདེད་གཏོང་བ། ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཚུགས་གནས་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག ལམ་སྲོལ་དེ་བས་ལེགས་པ་བཅས་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་སྟེ།ལོ་ལྔ་ཚན་བཅུ་བཞི་པ་བདེ་བླག་ངང་མཇུག་འགྲིལ་བ་དང་ལོ་ལྔ་ཚན་བཅོ་ལྔ་པ་བདེ་བླག་ངང་འགོ་འཛུགས་ཐུབ་པར་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དམིགས་ཚད་ལ་དམ་པོར་དམིགས་པ་དང་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱེད་དགོས་ཤིང་། དེ་ཡང་རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རང་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ། རང་འགུལ་ངང་མདུན་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ།ལོ་འཁོར་གྱི་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་དམིགས་ཚད་ཁག་དང་ཞིབ་བསྡུར་བྱེད་པ་དང་། དུས་ཚོད་དང་མཚམས་ཚིགས་ལ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་འཕེལ་རིམ་གྱི་རྗེས་ཟིན་པར་བྱེད་པ། ཞན་ཆ་གསབ་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས། བསམ་བློར་བཅིངས་འགྲོལ་གཏོང་བ་དང་གསར་འབྱེད་ཡར་བརྩོན་བྱེད་དགོས་ཤིང་།དེ་ཡང་རང་འགུལ་ངང་ལྷ་ས་གནས་སའི་འཕེལ་རྒྱས་ཀྱི་དུས་མཚམས་ཁོང་དུ་ཆུད་པར་བྱས་ནས།འཕེལ་རྒྱས་ཀྱི་ཞན་ཆ་དང་འབྱུང་འགྱུར་གྱི་དགོས་མཁོར་དམིགས་ཏེ་ཚུགས་གནས་མཐོ་ས་ནས་རྣམ་གྲངས་འཆར་འགོད་དང་། ཆུ་ཚད་མཐོན་པོས་རྣམ་གྲངས་འཛུགས་སྐྲུན། ཚད་གཞི་མཐོན་པོས་རྣམ་གྲངས་ལ་དོ་དམ་བཅས་ལག་བསྟར་བྱས་ཐོག མིག་སྔའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས་ལ་ཕུགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་འདེགས་སྐྱོར་བྱེད་པའི་སྤུས་ལེགས་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་དགོས། དཀའ་ངལ་ལ་གདོང་ཐུག་བྱེད་ཕོད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་དགོས་ཤིང་།དེ་ཡང་གོང་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་ཐོན་ཁུངས་གསེད་བཀྲོལ་དང་བསྡུ་སྒྲིལ་བྱས་ཏེ་གོ་སྐབས་སྒུག་ནས་མི་སྡོད་པ་དང་། དཀའ་གནད་ལ་མི་གཡོལ་བ། སྒྱིད་ལུག་མི་བྱེད་པ།དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་རྣམ་གྲངས་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཀྱི་གོ་རིམ་ཁ་གསལ་དང་། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གསལ་འབྱེད། གཙོ་གནད་འབུར་ཐོན། ཐོན་ཁུངས་གཅིག་བསྡུས་འགན་སྲུང་བཅས་ཀྱི་ཐོག་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་དགོས། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་ནན་དུ་གཏོང་བ། རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་དོ་དམ་གྱི་ཚད་གཞི་ཚད་ལྡན་དུ་གཏོང་བ། རྣམ་གྲངས་བཀོད་གཏོང་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། འགན་འཁྲི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ནན་དུ་གཏོང་དགོས་པ་དང་།རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་ལས་དོན་མི་སྒྲུབ་པ་དང་། ལས་དོན་སྒྲུབ་འགོར་བ། ལས་དོན་གང་བྱུང་དུ་སྒྲུབ་པ་བཅས་ལ་ཐག་གཅོད་ནན་པོ་བྱས་ཏེ།སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210367.html 1 ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->