ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་16ཉིན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་23པ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ཁྱབ་སྣེ་ཁྲིད་པ་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཧུའེ་ཉན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སོགས་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། གྲོང་ཁྱེར་ལས་བྱེད་རྒན་གྲས་ཅུས་ཀྱིས་ཁག་8པའི་ལས་བྱེད་རྒན་གྲས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཀྱི་འབྲེལ་ཡོད་དོན་ཚན་དང་། རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྱི་སྐྲུན་དངོས་བཤིག་པའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་བཀོད་སྒྲིག་བྱས་ཡོད།
ཚོགས་འདུའི་ཐོག བཅོས་སྒྲིག་འཐབ་ཇུས་ལག་ལེན་བསྟར་ཚུན། གྲོང་ཁྱེར་ཡོངས་ཀྱིས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ལ་བརྩིས་ནས་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་མིག་སྔར་འཕེལ་རྒྱས་དོ་སྙོམས་མེད་པ་དང་། བཅོས་སྒྲིག་གི་ཚད་གཞི་མཐོན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས་ཞིབ་ཚགས་ཅན་གྱི་དོ་དམ་དང་། སྤུས་ཚད་ཅན་གྱི་མཐོར་གཏོང་ཐད་ཤུགས་རྒྱག་དགོས་ཞེས་གསུངས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་འགག་རྩའི་ལྷུ་ཚིགས་བཞིར་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ་ས་ཁོངས་ཡོངས་སུ་བཙོག་པ་དང་།ཟང་ཟིང་གི་གནད་དོན་ལ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲོམ་གཞུང་དང་། སྲང་ལམ། ཆུ་རྫིང་། ཡུར་བུ་སོགས་ཀྱི་ས་ཁོངས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ། ལོ་མཇུག་གོང་སྤྱི་པའི་བར་མཐོངས་སུ་གད་སྙིགས་གང་བྱུང་དུ་མི་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། དོ་དམ་ཞིབ་ཚགས་བྱས་ཏེ། འཚོ་བའི་གད་སྙིགས་རིགས་དབྱེ་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社