分享按钮

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་13ཉིན་གྱི་སྔ་དྲོ། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ།《པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། ཟླ་10ཚེས་14ཉིན་གྱི་སྔ་དྲོ། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཏེ་གཙོ་དོན་གསུང་བཤད་མགྱོགས་མྱུར་སློབ་སྦྱོང་བྱས་པར་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་པ་རེད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་སློབ་སྦྱོང་བྱེད་རིང་།ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གསུང་བཤད་དེ་མཐོ་གཟིགས་འོག་བསྐྱངས་དང་ནང་དོན་ཕུན་སུམ་ཚོགས་པས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཐང་ཀྲུང་གིས་ཟླ་10ཚེས་13ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། གསུང་བཤད་ནང་བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གསར་གཏོད་པ་གལ་ཆེན་དང་། སྐུལ་འདེད་པ་གལ་ཆེན། རྒྱུན་འཛིན་པ་གལ་ཆེན་བཅས་ཡིན་པས།བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་ཆེད་ལག་ལེན་དུ་འཁྱོལ་ཐུབ་པའི་ཐབས་ལམ་མཁོ་འདོན་བྱས་པ་དང་། ལྷག་པར་དུ་བུད་མེད་འཚར་ལོངས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་། བུད་མེད་བྱ་གཞག་གི་སྤུས་ཚད་མཐོ་བའི་སྒུལ་ནུས་ཆེན་པོ་སྐྱེད་སྲིང་དང་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་འགན་ལེན་གྱི་བཅོས་སྐྱོང་རྣམ་པ་གཏོད་པ། གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་པ་སོགས་ལ་མཛུབ་ཁྲིད་གནང་བས། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བའི་ངོས་འཛིན་ཐུབ་བྱུང་ཞེས་བཤད།

དུས་ཡུན་རིང་པོའི་ནང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གསོ་སྦྱོང་དང་ལས་ཞུགས་རོགས་སྐྱོར་རྣམ་གྲངས་སྣ་ཚོགས་སྤེལ་བ་བརྒྱུད། བུད་མེད་མང་པོ་ཞིག་གི་ལས་གཏོད་ལས་ཞུགས་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་རོགས་རམ་བྱུང་བ་དང་། སློབ་གསོའི་ཁྱབ་ཁོངས་སུ་ཕོ་མོ་འདྲ་མཉམ་གྱི་སློབ་གསོར་སྐུལ་འདེད་ཧུར་ཐག་བཏང་ནས་བུད་མེད་ཀྱི་སློབ་གསོ་ཐོབ་ཚད་མཐོ་རུ་བཏང་བ། དུས་མཚུངས་སུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་བུད་མེད་ལ་སྔར་ལས་བདེ་འཇགས་དང་དྲང་གཞག་གི་སྤྱི་ཚོགས་ཁོར་ཡུག་བཏོད་ཡོད་པ་རེད།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210364.html 1 གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། /enpproperty-->