分享按钮

ལོ་ངོ་60འབད་འཐབ་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ལེའུ་གསར་པ་བརྩམས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་།

པར་འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་མ་བྱས་གོང་དུ་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ལ་མྱོང་རོལ་བྱེད་པའི་རྣམ་པ་ཡིན།

གངས་ལྗོངས་ས་མཐོར་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཕན་ཚུན་འོད་མདངས་འཕྲོ་བཞིན་ཡོད།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་།ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་གི་ཡུལ་སྐོར་ལས་རིགས་མེད་པ་ནས་འགོ་བཙུགས་ཏེ་རང་བྱུང་མཛེས་ལྗོངས་དང་།ལོ་རྒྱུས་རིག་གནས།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་གཞི་གཅིག་ཏུ་འདུས་པའི་ས་མཐོའི་ཡུལ་སྐོར་གནས་མཆོག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད།ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་ཤུགས་ཆེན་འོག་ལྷ་སས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།ལྷ་སས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣ་མང་ཅན་གྱི་ཉམས་ལེན་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་སྟེ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྐར་ཁུང་གལ་ཆེན་དུ་གྱུར་ཡོད།

རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་དང་ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་ཡིན།ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འགོ་འཛུགས་པ་ནས་དབྱར་མཚོ་རྒྱས་པ་ལྟར།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་། 6 6 拉萨日报藏文 c210363.html 1 ལོ་ངོ་60འབད་འཐབ་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ལེའུ་གསར་པ་བརྩམས་པ། /enpproperty-->