分享按钮

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭས་སློབ་མ་ཚོར《དཔའ་བོ་ཡ་མེད》ཅེས་པའི་གློག་བརྙན་བལྟ་རུ་བཅུག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭས་སློབ་མ་ཚོར《དཔའ་བོ་ཡ་མེད》ཅེས་པའི་གློག་བརྙན་བལྟ་རུ་བཅུག་པ་རེད། དཔའ་བོའི་དྲན་ཤེས་དང་དད་མོས་ཀྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པའི་གཙོ་དོན་འགུལ་རིས་གློག་བརྙན་དེས་སློབ་མར“བོད་སྐྱོད་དཔའ་བོའི་སྔོན་སྐྱོད་དཔུང་སྡེ”ཡི་བྱས་རྗེས་བསྐྱར་དྲན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་ཀྱི་སྙིང་སྟོབས་ཕྲུ་གུ་ཚོའི་སེམས་ནང་འཇགས་པར་བྱས་ཡོད།

ཉིན་དེའི་དགོང་མོའི་ཆུ་ཚོད་བརྒྱད་པར་སློབ་གྲྭ་དེའི་ལག་རྩེད་སྤོ་ལོ་ཁང་དུ་མི་མང་པོ་ཡོད། སློབ་གྲོགས་ཚོས་རེ་སྒུག་ཆེན་པོ་བྱེད་པ་དང་དམིགས་བསལ་གྱི་ཆབ་སྲིད་སློབ་ཚན་དེར་བསུ་བ་ཞུ་བཞིན་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ཕྱག་རྟགས་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས《དཔའ་བོ་ཡ་མེད》ཅེས་པས་AIདང་3Dམཉམ་འདྲེས་ལག་རྩལ་སྤྱད་དེ་སྒྱུ་རྩལ་ཅན་གྱི་རྣམ་པའི་ཐོག་ནས་སླར་ཡང་མངོན་པར་བྱས་ནས་སྔོན་སྐྱོད་དཔུང་སྡེའི་བརྗིད་ཆེའི་ལོ་རྒྱུས་གསོན་ཉམས་དོད་པོས་བརྗོད་ཡོད། གློག་བརྙན་ལྟ་བའི་བརྒྱུད་རིམ་ཁྲོད་གློག་བརྙན་གྱི་ནང་དོན་གྱིས་སློབ་མ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ནས་སྔོན་སྐྱོད་དཔུང་སྡེའི་འཐབ་འཛིང་པའི་དད་སེམས་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་སེམས་འགུལ་ཚད་མེད་ཐེབས་ཡོད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭའི་ལོ་རིམ་ལྔ་པའི་སློབ་མ་ཝང་དབྱི་ཤོན་གྱིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་དཔའ་བོ་ཚོའི་རྒྱུན་སྲིང་ལྷོད་མེད་ཀྱི་སྙིང་སྟོབས་ལས་ང་ལ་གང་ཞིག་ནི་དཔའ་ངར་ངོ་མ་ཡིན་པ་ཤེས་སུ་བཅུག་བྱུང་། ཁོང་ཚོས་ཚེ་སྲོག་ལ་བརྟེན་ནས་ཕ་ཡུལ་ལ་སྲུང་སྐྱོང་བྱས་པས།ངས་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ད་ཆའི་འཚོ་བར་དེ་བས་གཅེས་སྤྲས་བྱ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ཡན་ལག་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་བསྟན་འཛིན་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོར་ཕྲུ་གུ་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་འགུལ་རིས་ཀྱི་རྣམ་པའི་ཐོག་ནས་གཙོ་རྒྱུན་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། དེས་སློབ་དེབ་ཐོག་གི་བོད་སྐྱོད་དཔའ་བོ་སྔོན་སྐྱོད་དཔུང་སྡེ་ཞེས་པའི་ཡིག་འབྲུ་དེ་དག་གསོན་ཉམས་དོད་པ་དང་མྱོང་ཚོར་ཐུབ་པའི་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད། འདི་ནི་སློབ་ཚན་ཐོག་གི་གཞུང་ལུགས་སྟོང་བཤད་ཁོ་ན་ལས་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེན་པོ་ལྡན་ཡོད། སླད་ཕྱིན་ང་ཚོས་རྣམ་པ་སྣ་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-11 6 6 拉萨日报藏文 c210229.html 1 ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡན་ལག་སློབ་གྲྭས་སློབ་མ་ཚོར《དཔའ་བོ་ཡ་མེད》ཅེས་པའི་གློག་བརྙན་བལྟ་རུ་བཅུག་པ། /enpproperty-->