分享按钮

འབྲི་གཡག་བུམ་པའི་སྒྲོམ་སྟེགས་སྤོ་ལོ་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལྷ་སའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་མཇུག་འགྲིལ་བ།

པར་འདི་ནི་བྱ་དགའ་སྤྲོད་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བའི་འབྲི་གཡག་བུམ་པའི་སྒྲོམ་སྟེགས་སྤོ་ལོ་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལྷ་སའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནི་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་བུམ་པའི་རིམ་སྤེལ་འགྲན་བསྡུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་ཡོངས་ཞུགས་པ་དང་གཞུང་དྲང་དང་དྲང་བདེན་གྱི་རྩ་དོན་ནན་པོར་བསྲུངས་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)བརྒྱད་ལ་ཕྱོགས་ཏེ། ལས་ཞོར་གྱི་སྒྲོམ་སྟེགས་སྤོ་ལོར་དགའ་པོ་བྱེད་མཁན་རྒྱ་ཁྱབ་ངང་འདེམས་སྒྲུག་བྱ་རྒྱུ་རེད། དུས་འགོར་རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད་བདམས་ཐོན་པ་16འབུར་དུ་ཐོན་ནས་གྲོང་ཁྱེར་རིམ་པའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཚུད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་ཀྲུང་ལུགས་ཀྱི་སྤོ་ལོ་བརྒྱད་ཀྱི་ལམ་ལུགས་སྤྱད་དེ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད། མཐར་བདམས་ཐོན་པ་4བདེ་བླག་ངང་འགྲན་བསྡུར་ལས་རྣམ་པར་རྒྱལ་ནས་ལྗོངས་ཡོངས་ཀྱི་མཐའ་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་ཡོད།

བྱེད་སྒོ་སྤེལ་ཡུལ་གྱི་འགྲན་བསྡུར་ཛ་དྲག་པ་དང་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་མཉམ་འདྲེས་ཐུབ་ཡོད། ཤེལ་གྲོང་འབྲོང་རྩེད་འཁྲབ་སྟོན་དང་། བོད་ཤོག་དང་ཐང་ག་བཞེངས་སྟངས་ཉམས་ལེན་སོགས་ཀྱི་ཁྱད་ལྡན་བྱེད་སྒོས་ས་ཁོངས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་པར་བྱས་པར་མ་ཟད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཁེ་ལས་ལ་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་གྱི་ལས་སྟེགས་མཁོ་འདོན་བྱས་པས། ལུས་རྩལ་གྱི་གར་སྟེགས་སྐྲུན་པ་དང་། རིག་གནས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་མཉམ་འགུལ་བཅས་ཀྱི་མཉམ་འདྲེས་དམིཊ་ཚད་མངོན་འགྱུར་བྱུང་བ་དང་། འགྲན་བསྡུར་ལ་ལྟ་མཁན་མང་ཚོགས་ཧུར་ཐག་ཞུགས་པས་འགྲན་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

དེ་རྗེས་འཚོཊ་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གཙོ་གཉེར་ཚན་པས་ཕུལ་བྱུང་བདམས་ཐོན་པར་གཟི་བརྗིད་ལག་ཁྱེར་དང་། བྱ་དགའི་དངུལ། ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ལག་རྟཊ་བཅས་སྤྲད་པར་མ་ཟད། ཁོང་ཚོར་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ་ལུས་རྩལ་གྱི་འབད་འཐབ་སྙིང་སྟོབས་རྒྱུན་འཛིན་དང་། མི་རིགས་མཐུན་སྒྲིལ་གྱི་མཛའ་གྲོཊ་ཟབ་ཏུ་གཏོང་བ། ལྷ་སའི་གཟུཊ་བརྙན་བཟང་པོ་དྲིལ་བསྒྲཊ་ཧུར་ཐག་བཅས་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་ཀྱི་ཁྱབ་ཁོངས་ཀྱི་མཉམ་འདྲེས་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་པོར་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-11 6 6 拉萨日报藏文 c210230.html 1 འབྲི་གཡག་བུམ་པའི་སྒྲོམ་སྟེགས་སྤོ་ལོ་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ལྷ་སའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་མཇུག་འགྲིལ་བ། /enpproperty-->