(པར་ངོས་དང་པོར་མཐུད)ཉམས་འགྱུར་གསར་པ། རྣམ་པ་གསར་པ་བཅས་ཡོད་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། འཕེལ་རྒྱས་དམིགས་ཚད་དུ་བྱེད་པ། ཚོགས་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཚད་བརྒལ་གསར་པ་ཡོང་བ་བཅས་བྱས་ཏེ་གླིང་ཁུལ་བསྐྱར་སྐྲུན་གྱི་འདུ་འགོད་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ལྷ་ཀླུ་འདམ་རར་བརྟག་ཞིབ་གནང་སྐབས་ཝང་ཆང་གིས་ལྷ་ཀླུ་འདམ་ར་ནི་ལྷ་ས་གྲོང་ཁྱེར་གྱི་གློ་བ་ལྟ་བུ་ཡིན་པས་འདམ་རའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་ལྕི་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད་པས། ལྷ་ཀླུ་འདམ་རའི་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ད་ལྟའི་གནས་ཚུལ་ལ་དམིགས་ཏེ་ཁུལ་དབྱེ་ནས་གཙང་སེལ་དང་ཉམས་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་སྤྱི་འདོམས་ཐོག་འཆར་འགོད་བྱེད་པ། གྲོང་མིས་ཆུ་ལ་གཅེས་པའི་བར་མཐོངས་གཏོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社