分享按钮

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་ཚེ་སྒྲོན་གྱིས་མི་རིགས་མཐུན་སྒྲིལ་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ།

(པར་ངོས་དང་པོར་མཐུད)དོ་དམ་པ་དང་བསྡུར་ཚེ་ཚང་མས་ཁོང་ནི་སྙིང་ཉེ་བའི་གཉེན་ཉེ་དང་དཔུང་པ་མཉམ་གཤིབ་ཀྱི་མཛའ་གྲོགས་སུ་བརྩི་འདོད་བྱེད་ཀྱི་ཡོད།

ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་བཟོ་བཀོད་པ་བདེ་སྐྱིད་གཡང་འཛོམས་ཀྱིས་ཚེ་སྒྲོན་གྱི་གཤིས་ཀ་ཧ་ཅང་ཡག་པོ་ཡོད། དུས་རྒྱུན་དུ་གཅེན་མོ་དང་འདྲ་བར་ང་ཚོར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ལས་དོན་ཁྲོད་མི་ཤེས་པའི་གནད་དོན་འཕྲད་སྐབས་ཁོང་གིས་ཀྱང་ང་ཚོར་ངང་རྒྱུད་རིང་པོས་མཛུབ་ཁྲིད་བྱེད་པ་དང་ལྷག་པར་དུ་ང་ཚོའི་རྣམ་གྲངས་དང་དཔྱད་རྩོམ་ཐད་རོགས་རམ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།

ལས་དོན་ཁྲོད་ཚེ་སྒྲོན་གྱིས་དེ་བས་གཟབ་ནན་བྱེད་པ་ལས་ཁྲལ་སེལ་སླ་བཅོས་གཏན་ནས་བྱེད་ཀྱི་མེད། ལྷག་པར་དུ་2021ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་རིང་། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་ལོ་གཅིག་རིང་གི་གནམ་གཤིས་རྙོག་འཛིང་ཆེ་ཤོས་ཡིན་ཞིང་། གློག་དམར་འཁྱུག་པ་དང་། ལྷགས་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ། ཆར་ཆུ་དྲག་པོ་འབབ་པ་སོགས་གཏད་རྒྱུག་གི་གནམ་གཤིས་མང་བའི་དུས་མཚམས་དང་། གནམ་གཤིས་སྔོན་བརྡའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། ཚེ་སྒྲོན་གྱིས་ལས་དོན་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་ཆུ་ཚོད་24རིང་ལས་རེས་བྱས་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཐོག་གནམ་གཤིས་ཀྱི་བརྒྱུད་རིམ་ཚང་མར་ཞིབ་འཇུག་དང་བརྡར་ཤ་ནན་པོ་གཅོད་ཀྱི་ཡོད། དེའི་རིང་ཁྱོན་དུས་ཐེངས་49ཡི་ཆེད་དོན་སྔོན་བརྡ་དང་། དུས་ཐེངས་དང་པོའི་ཐོག་གློག་ཉེན་བརྡའི་ལི་མདོག་བརྡ་རྟཊ་དང་དུས་ཐེངས་དང་པོའི་དྲག་ཆར་གྱི་ཉེན་བརྡ་སྔོན་པོའི་བརྡ་རྟཊ་ཡོངས་བསྒྲཊ་བྱས་པ་རེད། ལེ་ཏ་དང་སྲུང་སྐར་སྤྲིན་རིས་རི་མོའི་འགྱུར་ལྡོག་ལ་གཞིཊ་ནས་ཆ་འཕྲིན་དུས་ཐེངས་16སྐབས་དུས་ཐུང་ནང་འབྲུག་ཆར་དང་ཉེ་བའི་གནམ་གཤིས་ཡོངས་བསྒྲཊ་བྱས་པ་དང་།“རང་བཞིན་གསུམ”གྱི་གནམ་གཤིས་གནད་སྨིན་སྔོན་བརྡ་བཏང་བ་དང་། གནམ་གཤིས་ཀྱི་འགན་ལེན་ལས་དོན་ཁག་ལེཊ་གྲུབ་བྱུང་ཡོད།

བདེ་སྐྱིད་གཡང་འཛོམས་ཀྱིས་ཚེ་སྒྲོན་ལ་ཕྲུ་གུ་གཉིས་ཡོད་པས་ལྟ་རྟོག་བྱེད་དགོས་མོད། འོན་ཀྱང་ལས་ཀའི་དགོས་མཁོ་ཡོད་ཚེ་ཁོང་འཕྲལ་མར་ལས་གནས་ཐོག་འབྱོར་བར་བྱེད་ཀྱི་ཡོད། གནམ་གཤིས་ངན་པ་བསྟན་པ་དང་འཕྲད་ཚེ་ཁོང་ཕྲུ་གུ་ཁྲིད་དེ་ལས་ཁུངས་ནས་ཆུ་ཚོད་24རིང་ལས་རེས་བྱས་ནས་སྡོད་ཀྱི་ཡོད་ཅེས་བཤད།

འཇོན་ཐང་ཆེ་བའི་ལས་རོགས་ཏེ་ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་ཐའེ་ཀྲང་དང་མཐོ་རིམ་ལག་རྩལ་ཆེན་མོ་བ་ཏུའུ་ཞའོ་ཧུའེ་ཡིས་ཀྱང་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། ཏུའུ་ཞའོ་ཧུའེ་ཡིས་ཚེ་སྒྲོན་གྱི་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་བ་དང་། ཏང་གི་མི་རིགས་སྲིད་ཇུས་རང་རྟོགས་ངང་ལག་ལེན་བསྟར་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། ལས་དོན་ཁྲོད་རང་འགུལ་ངང་ལས་རོགས་དང་མཐུན་སྒྲིལ་བྱེད་པ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཁུངས་ནང་ཁུལ་དུ་མཐུན་སྒྲིལ་ཞི་མཐུན་གྱི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད། ཁོང་གིས་རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་བརྡ་དང་ཞིང་འབྲོག་ལས་ཀྱི་གནམ་གཤིས་ཞབས་ཞུའི་ཐད་རྒྱ་ཆེའི་མང་ཚོགས་ལ་གནད་སྨིན་ཞིབ་ཚགས་ཀྱི་སྔོན་བརྡའི་ཞབས་འདེགས་ཞུས་ཡོད་ཅེས་བཤད།

ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གནམ་གཤིས་ཞབས་ཞུའི་དགོས་མཁོ་ཉིན་བཞིན་ཞིབ་ཚགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་གྱི་ཆར་ཆུ་འབབ་མང་བའི་གནམ་གཤིས་སྔོན་བརྡའི་ལག་རྩལ་མཐོ་རུ་གཏོང་ཆེད། ཚེ་སྒྲོན་གྱིས་ཉེ་འགྲམ་གྱི་སྔོན་བརྡ་གཏོང་མཁན་ན་གཞོན་དང་གཞི་རིམ་གྱི་གནམ་གཤིས་ལས་དོན་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་2021ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་ཆེན་མོའི་གནམ་གཤིས་སྔོན་བརྡའི་ལག་རྩལ་ཞིབ་འཇུག་གི་ཚན་ཞིབ་གསར་གཏོད་ཚོགས་པ་བཙུགས་པ་རེད། ཚོགས་པའི་ནང་གི་ཁོངས་མི་20ནི་རྒྱ་རིགས་དང་། བོད་རིགས། དབྱིས་རིགས། འཇང་རིགས་བཅས་མི་རིགས་མི་འདྲ་བ་4ལས་གྲུབ་ཡོད། དང་ཐོག་ཚང་མ་མི་རིགས་མི་འདྲ་བ་དང་། ལས་གནས་མི་འདྲ་བ། ལག་རྩལ་དང་བསམ་ཕྱོགས་མི་འདྲ་བ་བཅས་ཀྱི་ཁྱད་པར་ཡོད། ཚེ་སྒྲོན་གྱིས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཚང་མ་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེར་ལག་རྩལ་བགྲོ་གླེང་ཚོགས་འདུ་འཚོགས་ནས་མི་ཚང་མར་གང་བསམ་ལྷུག་བརྗོད་བྱ་རྒྱུའི་སྐུལ་ལྕག་བྱས་པ་དང་། བོད་རིགས་ལས་རོགས་ཚོས་རྒྱུས་མངའ་ཡོད་པའི་ས་གནས་དེ་གའི་གནམ་གཤིས་ཀྱི་ཆོས་ཉིད་དང་རྒྱ་རིགས་ལས་རོགས་ཚོས་ཁོང་དུ་ཆུད་པའི་དེང་རབས་ཀྱི་སྔོན་བརྡ་གཏོང་བའི་ལག་རྩལ་ཟུང་འབྲེལ་བྱས་ཏེ་ལྷ་སའི་ས་ཁོངས་ཀྱི་ཁྱད་ཆོས་དང་འཚམ་པའི་གཏད་རྒྱུག་གནམ་གཤིས་སྔོན་བརྡའི་དཔེ་དབྱིབས་ཤིག་རིམ་བཞིན་ཆགས་ཡོད། མིག་སྔར་ཚོགས་པ་དེས་ས་ཁུལ(ཐིང)རིམ་པའི་རྣམ་གྲངས་2རེ་ཞུ་བྱས་པ་དང་། རྩོམ་ཡིག་2དང་དེ་བཞིན་གནམ་གཤིས་སྔོན་བརྡའི་ལག་རྩལ་ཕྱོགས་སྡོམ་གྱི་རྩོམ་ཡིག་4སྤེལ་བ། ཞིབ་འཇུག་གི་གྲུབ་འབྲས་ཁག་རྒྱུན་གཏན་གྱི་ལས་སྒོའི་ཁྲོད་རིམ་བཞིན་སྤྱོད་བཞིན་ཡོད་པ་རེད།

མཐུན་སྒྲིལ་ལ་བརྟེན་ནས་ལས་ཀར་སྐུལ་འདེད་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་མཐུན་སྒྲིལ་མངོན་པར་བྱས་ཡོད། 2022ལོར་ཚེ་སྒྲོན་ལ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་པ་རེད། 2025ལོའི་ཟླ་3ཚེས་6ཉིན་རྒྱལ་ཡོངས་གནམ་གཤིས་སྡེ་ཚན་གྱི་ཕུལ་བྱུང་བུད་མེད་ལས་བཟོའི་འཐུས་མི་ཡིན་པའི་ངོས་ནས་ཀྲུང་གོ་གནམ་གཤིས་ཅུས་ཀྱི་འབད་འཐབ་ཁྲོད་ཀྱི་ཁྱེད་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད་ཅེས་པའི་སྔོན་ཐོན་བྱས་རྗེས་གླེང་མོལ་གྱི་བྱེད་སྒོར་ཞུགས་པ་རེད། ཚོགས་པའི་ནང་གི་སེམས་རྩ་འཁོལ་བའི་མི་ནས་ས་གནས་ལ་ཞབས་འདེགས་ཞུ་བའི་གདོང་དམག་བར་ཚེ་སྒྲོན་གྱིས་ལོ་18རིང་ལས་གནས་བརྟན་སྲུང་བྱས་པ་དེའི་ཐོག་ནས་གནམ་གཤིས་ལ་བརྟག་དཔྱད་བྱེད་མཁན་ཞིག་གིས་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་པར་མ་ཟད། གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་ཞིག་ཀྱང་བརྩམས་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-11 6 6 拉萨日报藏文 c210227.html 1 མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་ཚེ་སྒྲོན་གྱིས་མི་རིགས་མཐུན་སྒྲིལ་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ། /enpproperty-->