(པར་ངོས་དང་པོར་མཐུད)ཤེས་རྟོགས་བྱུང་བའི་གནད་དོན་ཚང་མ་ཁེ་ལས་ཀྱིས་ཚུར་ལན་བྱས་པར་མ་ཟད། དུས་ཐོག་ཏུ་བཅོས་སྒྲིག་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། བདེ་འཇགས་ཀྱི་གྲོས་འགོ་7བཏོན་པ་དང་ཡིག་ཆ་2བཀྲམ་ཡོད།
ལས་རེས་ལས་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་གི་དོན་རྐྱེན་ཐག་གཅོད་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་པ། དེ་ཡང་དུས་ཆེན་རིང་། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཆུ་ཚོད་24ཡི་སྡོད་བྱའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་ཆུ་ཚོད་24ཡི་རིང་ལས་གནས་ཐོག་ལས་རེས་བྱས་ཤིང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་དང་གནོད་འཚེའི་ལས་འཛོལ་གྱི་དུས་བབ་ལ་བབ་བསྟུན་དབྱེ་ཞིབ་དང་བརྡར་ཤ་བཅད་ནས་བདེ་འཇགས་དོགས་ཟོན་ལས་དོན་ལ་དམིགས་ས་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཛ་དྲག་གི་ཆ་འཕྲིན་བསྡུ་རུབ་དང་སྙན་སེང་ཡག་པོ་ཞུས་ཡོད། ཉིན་རེའི་སྙན་སེང་དང་སྙན་སེང་མེད་པ་མཐའ་འཁྱོངས་ཀྱིས་རྫོང(ཆུས)ཁག་གི་ལས་རེས་ལས་སྲུང་གནས་ཚུལ་སྐབས་བསྟུན་བཀོད་གཏོང་བྱེད་པ་དང་ཐོལ་བྱུང་གི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཏེ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་བདེ་འཇགས་དུས་བབ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཡོད།
རྗེས་མར་རང་གྲོང་གིས་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་དང་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཕྱོགས་ཁག་གི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ། འཕྲེད་ནས་མཐའ་དང་གཞུང་ཕྱོགས་ནས་མཐིལ་བར་འགན་འཁྲིའི་མ་ལག་ཅིག་གཏོད་རྒྱུ་ཡིན་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་མི་སྣའི་དོགས་ཟོན་དང་། དངོས་ཟོག་གི་དོགས་ཟོན། ལག་རྩལ་གྱི་དོགས་ཟོན་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུ་རེད། དེ་བཞིན་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་བདེ་འཇགས་ཞིབ་བཤེར་ཐད་ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་ཐད་ཁུག་ཆ་མི་ལུས་པ། གནད་དོན་བཅོས་སྒྲིག་ཐད་ཁྲལ་སེལ་སླ་བཅོས་མི་བྱེད་པ་བཅས་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཕན་འབྲས་ཐོན་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社