ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་9ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་སུ་ཕེབས་ནས་རྩ་ཆེའི་ལྕགས་རིགས་ལས་སྣོན་དང་། གློག་རྡུལ་ཚན་རྩལ། བདེ་འཇགས་གློག་སྒྲོན། སྒྲིག་ཆས་ཐོན་སྐྱེད། ས་མཐོའི་སྒྲིག་སྦྱོར་རྣམ་པའི་རིག་ནུས་འཛུགས་སྐྲུན་སོགས་ཀྱི་ལས་རྣམ་ལ་བརྟག་ཞིབ་གནང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ས་ཡུལ་དངོས་སུ་ཁེ་ལས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་རོགས་གནང་བ་དང་། ལྷ་ཀླུ་འདམ་རའི་འབྱུང་ཁམས་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གཏིང་ཟབ་གནང་སྟེ།རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་ཐུན་མོང་ཐོག་ཞིབ་འཇུག་གནང་བ་རེད།
ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བརྟག་ཞིབ་གནང་སྐབས།ཝང་ཆང་གིས་ཁྲོམ་ར་རྒྱ་སྐྱེད་དང་གྲགས་རྟགས་གཏོད་དགོས། དེ་ཡང་གཅིག་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ལས་སྟེགས་ལ་གཞི་ཚུགས་པ་དང་། ཁེ་ལས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ད་ཡོད་ཀྱི་ཁྲོམ་ར་ལེགས་སུ་གཏོང་བ། གསར་དར་ཁྲོམ་ར་རྒྱ་སྐྱེད་གཏོང་བ། ཁྱད་ལྡན་གྲགས་རྟགས་གཏོད་པ། བཟོ་སྐྲུན་ལས་རིགས་དང་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ།ཁེ་ལས་དང་ས་གནས་ཀྱི་འཕེལ་རྒྱས་མཉམ་འགུལ་ཐུབ་པར་བྱེད་དགོས། གཉིས་ནས་ཞབས་ཞུ་ལེགས་སུ་གཏོང་བ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་འགུལ་ངང་སྔོན་ཚུད་ཞབས་ཞུ་སྒྲུབ་པ་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་གསལ་ཐོའི་རྣམ་པའི་ཐོག་ནས་གཟིགས་སྐྱོང་སྲིད་ཇུས་སྒོ་རྩར་སྐྱེལ་བ་དང་། ཁེ་ལས་ལ་རོགས་སྐྱོར་ཏན་ཏིག་བྱས་ཏེ་གླིང་ཁུལ་དུ་ཁེ་ལས་བློ་བདེ་པོས་གཉེར་སྐྱོང་དང་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས། གསུམ་ནས་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་གི་སྣེ་འཁྲིད་དགོས། གླིང་ཁུལ་གྱི་ཚན་ཁག་གསར་པར་མིག་རྒྱང་གསར་པ་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社