分享按钮

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་རང་གྲོང་གི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། དུས་ཆེན་རིང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་དམ་པོར་དམིགས་ཏེ། དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྔ་སྣུར་དུ་ཞིབ་འཇུག་བརྡར་གཅོད་བྱས་ནས་བདེ་འཇགས་དོགས་ཟོན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། དུས་ཆེན་རིང་། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་མེད་པས། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇཊ་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དུས་ཆེན་གྱི་བདེ་འཇགས་ལ་འགན་ལེན་བྱས་པ། དེ་ཡང་དུས་ཆེན་གོང་། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་དྲན་སྐུལ》ཁྱབ་བསྒྲགས་བྱས་ཏེ། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ལ་བདེ་འཇགས་ཀྱི་དོགས་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་ལྕག་བྱས་ཤིང་། མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ་དང་། ཁོངས་གཏོགས་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་རིམ་པ་བཞིན་ནན་དུ་བཏང་ཡོད། དེ་བཞིན་རང་བྱུང་གི་གནོད་འཚེའི་རྐྱེན་པས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུར་སྔོན་འགོག་ཏན་ཏིག་བྱས་པ་དང་། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཀྱི་རྣམ་པའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བརྟན་པོར་བསྲུངས་ཡོད།

མཛུབ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། དེ་ཡང་དུས་ཆེན་རིང་། ལྗོངས་ཕྱི་ནང་གི་དོན་རྐྱེན་སྣ་ཚོགས་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། དོན་རྐྱེན་དེ་རིགས་ལ་སྔོན་འགོག་མཐའ་གཅིག་ཏུ་བྱ་ཆེད། གྲོང་ཁྱེར་གྱི་འགོ་ཁྲིད་སྔ་རྗེས་སུ་བོད་ཞིང་རླངས་སྣོན་ས་ཚིགས་དང་། ཐེན་ཧའེ་རྒྱལ་སྤྱིའི་ཚོང་ར། སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ལམ། ཁྲེང་ཀོན་མེ་ཏོག་ལྡུམ་རའི་Bཁུལ་དང་Fཁུལ་སོགས་སུ་ཕེབས་ཤིང་། མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་ཀྱི་རྣམ་པའི་ཐོག་ནས་མི་སྣ་འདུ་འཛོམས་ཆེ་ས་དང་། མཐོ་རིམ་སྡོད་ཁང་ཁུལ་ཆུང་། འབར་གས་སླ་བའི་ས་གནས་བཅས་སུ་བསྐྱོད་དེ། ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་དོན་ཁག་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། ཕྱོགས་ཁག་གི་བདེ་འཇགས་འགན་འཁྲི་ནན་དུ་དང་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་དུ་བཏང་ཡོད། དེ་བཞིན་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་གཏན་འགོག་བྱས་ཏེ། མང་ཚོགས་ལ་བདེ་འཇགས་དང་བརྟན་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད།

གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། དེ་ཡང་དུས་ཆེན་རིང་། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་གིས་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་ནུས་ཤུགས་ཡོད་རྒུས་ཉེན་ཁ་བསལ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཁེ་ལས་301ལ་ཞིབ་བཤེར་བྱས་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་200ལྷག་ཙམ་ཤེས་རྟོགས་བྱུང་ཡོད། དེ་བཞིན་གནད་དོན་170ལྷག་ཙམ་བཅོས་སྒྲིག་བྱས་ཟིན་པ་དང་། གནད་དོན་30ལྷག་ཙམ་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ཁྱབ་ཁོངས་ཐད། གྲོང་ཁུལ་གྱི་འབར་རླངས་ཁེ་ལས་ཚང་མར་ཐོན་སྐྱེད་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཁག་6ཤེས་རྟོགས་བྱུང་བ་དང་ཡུལ་དངོས་སུ་བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱས་ཡོད། རྡོ་སོལ་མིན་པའི་གཏེར་རིའི་ཁྱབ་ཁོངས་ཐད། དུས་ཆེན་རིང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་གཙོ་གནད་གཏེར་རིའི་ཁེ་ལས་ལ་ཐོན་སྐྱེད་བདེ་འཇགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-11 6 6 拉萨日报藏文 c210221.html 1 རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་རང་གྲོང་གི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། /enpproperty-->