སྙེ་མོ་རྫོང་ནི་གཟིམ་སྤོས་ཀྱི་འབྱུང་ཁུངས་ཡིན་པ་དང་གཟིམ་སྤོས་བཟོ་རྩལ་ཐད་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2008ལོར་སྙེ་མོའི་གཟིམ་སྤོས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་རེད། སྙེ་མོ་རྫོང་གི་སྙེ་མོ་ཐོན་ཀུན་བཟང་མཆོད་སྤྲིན་གཟིམ་སྤོས་བཟོ་གྲྭར་མ་བཅོས་རྒྱུ་ཆ་ཐག་གཅོད་དང་འཕྲུལ་ཆས་ཀྱིས་ལས་སྣོན་བྱེད་པ་ནས་ལག་པས་བཟོ་ལྟ་ལེགས་སུ་གཏོང་བ་དང་ཐུམ་སྒྲིལ་རྒྱག་པ་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་ཐོན་སྐྱེད་བྱེད་སྟངས་ཟུང་འབྲེལ་བྱས་པས།སྙེ་མོའི་གཟིམ་སྤོས་བཟོ་བའི་རྩེར་སོན་གྱི་ལག་རྩལ་དང་རྒྱུན་འཛིན་གྱི་གསོན་ཤུགས་མངོན་ཡོད།
པར་འདི་ནི་བཟོ་པས་བཟོས་ཟིན་པའི་གཟིམ་སྤོས་ཉི་མའི་འོག་སྐམ་བཞིན་པའི་རྣམ་པ་ཡིན།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社