ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་སུ་གནམ་གཤིས་བརྟག་དཔྱད་པ་འདི་འདྲ་ཞིག་ཡོད་དེ། ཁོང་གིས་བཀའ་མོལ་གསུང་སྐབས་རྟག་ཏུ་ཞལ་ནས་འཛུམ་མདངས་འཕྱུར་བཞིན་ཡོད། ལོ་18རིང་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད།ཁོང་གིས་ཞི་འཇམ་གྱི་གཤིས་རྒྱུད་ཐོག་ནས་མི་རིགས་མི་འདྲ་བའི་ལས་རོགས་ཚོ་དང་སེམས་པ་གཅིག་ཏུ་སྦྲེལ་ཏེ།རྒྱུན་གཏན་གྱི་ལས་ཀ་ཙག་ཙིག་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་བ་བརྟན་དུ་བཏང་ཡོད། ཁོང་ནི་ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་ཐའེ་ཀྲང་གཞོན་པ་དང་མཐོ་རིམ་བཟོ་བཀོད་པ་གཞོན་པ་ཚེ་སྒྲོན་རེད།
ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་གནམ་གཤིས་སྔོན་བརྡའི་གྲོས་མོལ་ཁང་དུ་ཚེ་སྒྲོན་གྱི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ལས་རོགས་ཚོས་ཁོང་ནི་ས་མཐོའི་སྟེང་གི་ཉི་མ་དང་འདྲ་བར་ཚོགས་པར་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་གྱི་ཡོད་ཅེས་གླེང་གི་ཡོད།ལས་ཀའི་ཁྲོད་མི་ཤེས་པའི་གནད་དོན་འཕྲད་ཚེ་ཁོང་གིས་རྟག་ཏུ་དམར་ཁྲིད་བྱེད་ཀྱི་ཡོད་པ་དང་། འཚོ་བའི་ཁྲོད་དཀའ་ངལ་འཕྲད་སྐབས་ཁོང་གིས་རྟག་ཏུ་ངང་རྒྱུད་རིང་པོས་ཉན་ནས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། ཁོང་གི་ཚོགས་པའི་ཁོངས་མིའི་ངོས་ནས་བརྗོད་ན།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社