分享按钮

དུས་ཆེན་གཉིས་ཀྱི་ངལ་གསོའི་གོ་སྐབས་ལ་དམ་འཛིན་བྱས་ནས་འཛད་སྤྱོད་འཕར་ཚད་དང་སྤུས་ཚད་ལ་སྐུལ་འདེད་བཏང་བ།

རང་གྲོང་གིས་སྣ་མང་ཅན་གྱི་འཛད་སྤྱོད་བྱེད་སྒོ་སྤེལ་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་ཆེན་གཉིས་ཀྱི་ངལ་གསོའི་རིང་ནི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་དང་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། ངལ་གསོའི་རིང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བའི་གོ་སྐབས་བཟང་པོའི་མདུན་དུ་རང་གྲོང་གིས་བདེ་སྐྱིད་ལྡན་པའི་ལྷ་སས་འཚོ་བར་ཕན་འདོགས་པ་ཞེས་པའི་གཙོ་དོན་ལ་དམ་པོར་དམིགས་ནས་མ་དངུལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།རྣམ་པ་གསར་གཏོད་གཞི་རྟེན་གལ་ཆེན་དུ་བྱས་ཏེ།སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་འགག་རྩའི་ཤུགས་རྒྱག་སར་བརྩིས་ནས་འཛད་སྤྱོད་ལས་རྣམ་མཉམ་འདྲེས་གཏིང་ཟབ་དང་རིམ་སྤོར་བྱ་རྒྱུར་ཕྱོགས་གང་ས་ཅི་ཐད་ནས་སྐུལ་འདེད་བཏང་ཡོད། བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད་ངལ་གསོའི་རིང་གི་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་ནུས་ལྡན་ཕྱིན་ནས་ངལ་གསོའི་རིང་གི་མི་རྒྱུན་དེ་དངོས་དངོས་རྗེན་རྗེན་གྱི་འཛད་སྤྱོད་འཕར་ཚད་དུ་གྱུར་ཡོད།

གསར་འགོད་པར་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་དོན། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-11 རང་གྲོང་གིས་སྣ་མང་ཅན་གྱི་འཛད་སྤྱོད་བྱེད་སྒོ་སྤེལ་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ། 6 6 拉萨日报藏文 c210217.html 1 དུས་ཆེན་གཉིས་ཀྱི་ངལ་གསོའི་གོ་སྐབས་ལ་དམ་འཛིན་བྱས་ནས་འཛད་སྤྱོད་འཕར་ཚད་དང་སྤུས་ཚད་ལ་སྐུལ་འདེད་བཏང་བ། /enpproperty-->