分享按钮

གསོ་རླུང་གིས་ཕྱུག་པའི་ལྗང་མདོག་གི་བར་ཁྱམས།

ལྷ་སའི་གླིང་ཕྲན་གཉིས་ཀྱི་ཆུ་རྒྱུད་ལ་འགྱུར་ལྡོག་བྱུང་བའི་སྐོར་བཀོད་པ།

སྟོན་འགོའི་དུས་སུ་ལྷ་སའི་གླིང་ཕྲན་གཉིས་ཀྱི་གཙང་པོའི་ངོཊ་གཉིས་ཀྱི་ལྗང་མདོག་གི་བར་ཁྱམས་དེ་ཉི་འོད་འོག་ཏུ་དེ་བས་སྔོ་ཐིང་ངེར་མཆིས། གྲོང་མི་ཚེ་རིང་སྒྲོལ་མས་ཚ་མོ་ཁྲིད་ནས་ཆུ་སིམ་ལེཊ་པའི་ཨར་འདམ་ལམ་དུ་བསྐྱོད་སྐབས། རྐང་མཐིལ་གྱི་རྡོ་ཕྲ་མོ་གསལ་པོར་མཐོང་ཐུབ་ཅིང་། ལམ་འགྲམ་དུ་གསར་དུ་བཏབ་པའི་ལྗོན་ཤིང་དག་རླུང་བུས་དལ་བུར་གཡོ་བཞིན་དུ་ཐུན་མིན་གྱི་མཛེས་ལྗོངས་ཤིག་མངོན། གློ་བུར་དུ་ཚ་མོས་རྨོ་བོ་ལཊ་ཀྱི་ལག་ནས་འཇུས་ཏེ་ཆུ་ངོས་སུ་འཆར་བའི་གངས་རིའི་གྲིབ་གཟུཊ་ལ་མཛུབ་མོ་བཙུགས་ནས་རྨོ་བོ་ལགས། ཁྱེད་ཀྱིས་གཟིཊ་དང་། གྲིབ་གཟུཊ་འདི་དེ་འདྲའི་མཛེས་པ་ལ་ཨང་ཞེས་དགའ་འབོད་བྱས། སྐབས་དེ་དུས་གཙང་པོ་དེ་ནི་ས་བཀྲའི་ཐོག་གི་ཐིག་སྔོན་པོ་ཙམ་མིན་པར་མེས་པོ་དང་ཚ་མོ་གཉིས་ཀྱིས་ལག་པས་རེག་ཐུབ་པའི་མཛེས་ལྗོངས་ཤིག་རེད།

དེ་སྔ་འདི་གར་གཞིས་ཆགས་སའི་ས་ཆ་ཡང་མེད། རྩྭ་ངན་མི་ལས་མཐོ་བ་ཡོད་པས་གཙང་འགྲམ་དུ་འགྲོ་དུས་ཀྱང་སྔོན་ལ་རྩྭ་ངན་དེ་དག་ཕར་ཤིག་ཚུར་ཤིག་བྱེད་དགོས་ཀྱི་ཡོད། ལོ་70ལྷག་ཙམ་ལ་སླེབས་པའི་བཀྲ་ཤིས་ཀྱིས་ལྷ་ཞབས་གླིང་ཕྲན་དུ་མི་ཚེ་ཕྱེད་ཀ་ཙམ་འཚོ་བ་བསྐྱལ་ནས་བསྡད་ཡོད། ད་ཆ་ཆུ་བོ་དེའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་པ་སྟེ། སྤྱི་ལེ་4.1ཟིན་པའི་གཙང་འགྲམ་བར་ཁྱམས་ཀྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། ཟམ་པ་2ལ་བསྐྱར་དུ་བཟོ་བཅོས་བྱས་ཤིང་། སེམས་མཐུན་ཟམ་པ་རྒྱ་ཆེར་བཏང་རྗེས་ལྗོངས་གཟིགས་སྟེགས་བུ་བསྐྲུན་པ་དང་ལྷ་ཞབས་ཟམ་པའི་ཐོག་བར་ཁྱམས་བརྒྱབ་རྗེས་པར་ལེན་བྱེད་སའི་གནས་ཡག་པོ་ཞིག་ཏུ་གྱུར་ཡོད། སྨི་ངོས་གྲུ་མ་ཁྲི་7.4ཟིན་པའི་སྤང་ལྗོངས་ནི་ཚོས་གཞི་སྒྲིག་པའི་གཞོང་པ་དང་འདྲ་བར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དང་ཕྱེ་མ་ལེབ་ཁྱུ་དང་ཁྱུ་བྱས་ནས་གནས་ཡོད། ཆུ་སིམ་པའི་གོམ་བགྲོད་ལམ་དང་། རྡོ་ལེབ་གཏིང་པའི་ལམ་ཆུང་།དེ་བཞིན་འཇའ་སྒྲིག་པའི་ཆུ་ཡོལ་སོགས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྔོན་ཆད་ཡུལ་སྐོར་བས་ཆུ་ལ་ལྟ་བ་ལས་པར་ལ་བལྟས་ན་དགའ་ཞེས་འཁང་ར་བྱེད་ཀྱི་ཡོད། ད་ཆ་ཁོང་ཚོས་ལྗང་མདོག་གི་བར་ཁྱམས་སུ་སྙན་རྩོམ་ཀློག་པ་དང་ཆུ་ངོགས་སུ་རིག་རྩལ་གྱི་གློག་འོད་ལ་བལྟས་ནས་འཛད་སྤྱོད་བྱེད་ཀྱི་ཡོད། ཡུལ་སྐོར་སྣེ་ཤན་པ་ཟླ་བས་གླིང་ཕྲན་གཉིས་ཀྱི་ཆུ་རྒྱུད་ལ་གསོ་རླུང་གིས་ཕྱུག་པའི་མགྲོན་བསུའི་ཚོམས་ཆེན་ཞེས་བརྗོད་ཀྱི་ཡོད་ཅེས་བཤད།ཚོན་མདོག་དམར་པོའི་སྙན་ངག་བར་ཁྱམས་ནང་རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག་བཅས་སྐད་ཡིག་གསུམ་གྱི་ལམ་ནས་བྲིས་པའི་སྙན་ཚིག་གི་བྱང་བུ་དེ་དག་རྩྭ་ཤིང་ཁྲོད་གསལ་ལ་མི་གསལ་ངང་མངོན་པ་དང་། ས་སྲོད་ཀྱི་མཚམས་སུ་ཆུ་ཡོལ་གློག་བརྙན་གྱིས《གླིང་རྗེ་གེ་སར་རྒྱལ་པོ》ཆུ་བོའི་ཐོག་བསྟན་པ་དང་ཕོ་བྲང་པོ་ཏ་ལའི་གསེར་གྱི་རྒྱ་ཕིབས་ནི་རང་བྱུང་གི་རྒྱབ་ལྗོངས་སུ་གྱུར་ཡོད།

ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གི་རྣམ་གྲངས་ཅིང་ལི་ཅང་ཧྲི་ཕིང་གིས་འདི་གར་ཤིང་འཛུགས་སྐབས་ཕྲུ་གུ་གསོ་བ་ལས་སེམས་ཁྲལ་ཆེ་ཞེས་པའི་བཀའ་མོལ་ལས་ཆུ་ལམ་གཡས་གཡོན་གྱི་འབྱུང་ཁམས་བར་ཁྱམས་བསྐྲུན་པ་ནི་ལས་སླ་པོ་ཞིག་མིན་པ་ར་སྤྲོད་གང་ལེགས་བྱས་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-09 བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་མེ་དབྱིང་། ལྷ་སའི་གླིང་ཕྲན་གཉིས་ཀྱི་ཆུ་རྒྱུད་ལ་འགྱུར་ལྡོག་བྱུང་བའི་སྐོར་བཀོད་པ། 6 6 拉萨日报藏文 c210184.html 1 གསོ་རླུང་གིས་ཕྱུག་པའི་ལྗང་མདོག་གི་བར་ཁྱམས། /enpproperty-->