分享按钮

རང་གྲོང་གིས་སྣ་མང་ཕུན་སུམ་ཚོཊ་པའི་བྱེད་སྒོ་སྤེལ་ཏེ་དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུས་པ་དང་ཞི་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

པར་འདི་ནི་སྐལ་བཟང་མེ་ཏོག་འཁྲབ་སྟོན་ནམ་དུས་ཀྱི་ཉེན་རྟོག་པ་དང་མང་ཚོགས་མཉམ་སྤྲོའི་འཁྲབ་སྟོན་བྱ་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྡེ་ཁུལ་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད།ཉེ་ཆར་རང་གྲོང་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དུས་ཆེན་གཉིས་ཀྱི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

ཟླ་10ཚེས་6ཉིན་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་འཁུར་བ། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། བོད་ལྗོངས་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱིས་གཉེར་རོགས་བྱས་པའི་ང་ཚོའི་དུས་ཆེན་ཏེ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད་ཅེས་པའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་གྱི་ནམ་དུས་ཉེན་རྟོག་པ་དང་མི་དམངས་མཉམ་སྤྲོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་ལྷ་ཀླུ་འདམ་རའི་སྤྱི་གླིང་དུ་གཉེར་བ་རེད།

བྱེད་སྒོའི་ཁྲོད་སྙན་འཇེབས་ལྡན་པའི་མི་རིགས་གླུ་གར་ལས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྣ་མང་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། གསོན་ཉམས་ལྡན་པའི་དེང་རབས་ཞབས་བྲོ་ལས་དུས་རབས་གསར་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ།དགོད་བྲོ་བའི་གཞས་མ་གཏམ་གྱི་བརྩམས་ཆོས་ཐུང་གྲས་ལས་ཡུལ་དངོས་སུ་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་རེད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-09 6 6 拉萨日报藏文 c210183.html 1 རང་གྲོང་གིས་སྣ་མང་ཕུན་སུམ་ཚོཊ་པའི་བྱེད་སྒོ་སྤེལ་ཏེ་དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུས་པ་དང་ཞི་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ། /enpproperty-->