ཉེ་ཆར་ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་15ཡི་ས་གནས་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་འགན་འཁུར་བ་སྟེ་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་ནང་ཚུད་པའི་ཀྲུང་ཕྱིའི་ཁེ་ལས་65ཡི་མཐོ་རིམ་དོ་དམ་པ་170ལྷག་ཙམ་གྱིས་ཚོགས་པ་དང་མཉམ་དུ་ཀྲུང་ཕྱིའི་ཁེ་ལས་བོད་ལྗོངས་སུ་སྐྱོད་པའི་བྱེད་སྒོར་ཞུགས་ཡོད། ཕྱོགས་ཁག་གིས་གངས་ལྗོངས་ས་མཐོར་འཛོམས་ནས་སྒོ་དབྱེའི་གོ་སྐབས་གླེང་བ་དང་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་ཡོད།
ཆུ་ནུས་ཐོན་ཁུངས་གསོག་ཚད་ཆན་ཝ་དུང་ཕྱུར་2ལས་བརྒལ་བ་དང་། ཉི་ནུས་ཀྱི་སྤྱིའི་ཁྱབ་འགྱེད་རིན་ཐང་ནི་ཤར་བརྒྱུད་མཚོ་རྒྱུད་ས་ཁུལ་གྱི་ལྡབ་2ཙམ་ཡིན་པ། རྒྱལ་ཡོངས་ཀྱི་དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་བརྒྱ་ཆ་80ལྡན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕུང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ལྗོངས་ཀྱིས་དྭངས་གཙང་ནུས་ཁུངས་དང་། རིག་གནས་ཡུལ་སྐོར། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས། མཐོ་གསར་གྲངས་གཞི། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས། སྤྱི་སྤྱོད་མཁའ་འགྲུལ་བཅས་ཐོན་ལས་ཆེ་གྲས་དགུ་ཕྱོཊ་ཡོངས་ནས་སྤེལ་ཏེ་གསོན་ཤུཊ་ཀྱིས་ཁེངས་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་མ་ལག་ཧུར་ཐག་བཏོད་ཡོད།
ཅ་ཅི་མ་འཇོག(ཀྲུང་གོ)ཚད་ཡོད་ཀུང་སིའི་ཀྲུང་ཧྭ་ཆེན་མོ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་ལིའུ་ཁྲང་གིས་བོད་ལྗོངས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ལག་རྩལ་གྱི་ནུས་པ་དང་ཉམས་མྱོང་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་ལས་དང་བཟའ་བཅའི་མ་ལག་ཁྲོད་ཀྱི་ཀུང་སིའི་སྔོན་ཐོན་ལག་རྩལ་དང་གསར་གཏོད་ཐོན་རྫས་དང་བོད་ལྗོངས་རང་ངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་ལས་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་མང་བ་འཚོལ་ཞིབ་བྱས་ནས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社