分享按钮

བློ་བཟང་ཚེ་འཕེལ་གྱིས་གཞི་རིམ་གྱི་སློབ་གསོར་གཞི་ཚུགས་ནས་སློབ་གསོའི་བྱ་གཞག་ གོང་མཐོར་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་།

བློ་བཟང་ཚེ་འཕེལ་ནི་ད་ཆ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཡིན་ཞིང་། 2011ལོར་ལས་ཀར་ཞུཊ་པ་ནས་བཟུང་། ཁོང་གིས་གྲོང་གསེབ་ཏུ་ལོ་བཅུ་ལྷག་ཙམ་སློབ་གསོའི་ལས་དོན་སྤེལ་ནས་སློབ་གསོར་ལྷག་བསམ་རྣམ་དག་བཅངས་ཏེ་འཆད་སྟེགས་ཐོག་ནས་མི་སྣ་གསོ་སྐྱོང་གི་འགན་འཁྲི་འཁུར་ཡོད།

ཉིན་གུང་ཞིག་ཏུ་སློབ་ཚན་གྱི་མིང་ལ《སྐྱེ་དངོས་ཕྲ་རབ་སྣ་ཚོགས》ཞེས་པའི་ཚན་རིག་སློབ་ཁྲིད་ནི་ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོར་སྤེལ་ཞིང་། ཚང་མས་ཞོ་འཐུང་མྱོང་ངམ། ཞོ་ནི་ཇི་ལྟར་བཟོས་པར་བསམ་བློ་བཏང་མྱོང་ངམ་ཞེས་བློ་བཟང་ཚེ་འཕེལ་གྱིས་དྲིས་པ་དང་། ཁོང་གིས་རྟག་ཏུ་སློབ་མས་དགའ་པོ་བྱེད་པའི་གནད་དོན་ནས་འགོ་བཙུགས་ཏེ་དྲི་བ་འདོན་གྱི་ཡོད་ཅིང་། སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་པ་བརྐྱངས་ནས་དྲིས་ལན་བཏབ་ཡོད། ལོ་14ཡི་སློབ་ཁྲིད་ཁྲོད་བློ་བཟང་ཚེ་འཕེལ་གྱིས་ཚན་རིག་ཚན་ཁག་གི་སྤྱི་མཚན་རང་བཞིན་ནི་སློབ་མའི་སློབ་སྦྱོང་གི་འགོག་རྐྱེན་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཚན་རིག་གི་ཆོས་ཉིད་གསོན་ཉམས་དོད་པོ་ཡོང་ཆེད་བློ་བཟང་ཚེ་འཕེལ་གྱིས་སྤྲོ་སྣང་ལྡན་པའི་ཚོད་ལྟའི་སྒྲིག་ཆས་བཟོས་པ་དང་གསོན་ཉམས་དོད་པའི་སློབ་ཁྲིད་སློབ་ཆས་གསར་སྤེལ་བྱས་ཡོད། སློབ་ཚན་ཐོག་ཁོང་གིས་མི་རྣམས་ཀྱི་ཡིད་དབང་འགུག་པའི་གནད་དོན་གྱི་ཁོར་ཡུག་གཏོད་མཁས་པོ་བྱས་ནས་སློབ་མའི་ཤེས་འདོད་ཀྱི་བསམ་པ་འཕེལ་བར་བྱེད་ཀྱིན་ཡོད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-09 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་། 6 6 拉萨日报藏文 c210182.html 1 བློ་བཟང་ཚེ་འཕེལ་གྱིས་གཞི་རིམ་གྱི་སློབ་གསོར་གཞི་ཚུགས་ནས་སློབ་གསོའི་བྱ་གཞག་ གོང་མཐོར་བཏང་བ། /enpproperty-->