ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྟོན་དུས་ཀྱི་རྣམ་པ་ཤར་བའི་ཟླ་10པར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་དེ་ཁྲོམ་གཞུང་གི་ས་ཕྱོཊ་གང་སར་ཁྱབ་ཡོད། གྲོང་མི་ཚོ་ནང་མི་དང་ལྷན་དུ་ཡུལ་སྐོར་ལ་བསྐྱོད་དེ་སྟོན་དུས་ཀྱི་མཛེས་ལྗོངས་མྱོང་རོལ་བྱེད་པའམ་ཡང་ན་ཁྱིམ་དུ་ལྷན་འཛོམས་བྱས་ནས་ཐོབ་པར་དཀའ་བའི་གུང་གསེང་གི་ངལ་གསོའི་དུས་ཚོད་ལོངས་སྤྱོད་བྱེད་བཞིན་ཡོད། སྐྱིད་སྣང་དོད་པའི་འཚོ་བ་དེའི་རྒྱབ་ཏུ་ལི་མདོག་སེར་པོའི་ལས་གོས་གྱོན་པའི་གྲོང་ཁྱེར་གྱི་འཕྲོད་བསྟེན་པ་སྐོར་ཞིག་དུས་དང་རྣམ་པ་ཀུན་ཏུ་རླངས་འཁོར་མང་པོ་དང་མི་ཚོགས་ཁྲོད་བསྐྱོད་དེ་གད་སྙིཊ་གཙང་སེལ་དང་སྤྱི་པའི་སྒྲིག་བཀོད་ཕྱིས་བདར་རྒྱག་པ་སོཊ་ཀྱི་ལས་དོན་ཧུར་ཐག་ངང་སྒྲུབ་བཞིན་ཡོད་པས་དུས་ཆེན་གཉིས་རིང་གི་ཡུལ་ལྗོངས་དེ་བས་ཡིད་དབང་འཕྲོག་པ་ཞིག་ཏུ་གྱུར་ཡོད།
ཟླ་10ཚེས་7ཉིན། གསར་འགོད་པ་རྫོང་རྒྱབ་ཀླུ་ཁང་དུ་སྐྱོད་སྐབས། ཀླུ་ཁང་དུ་ཤིང་སྡོང་གི་སྟེང་དུ་ལྒང་བཞུ་དམར་པོ་མཐོན་པོར་བཀལ་ཡོད་པ་དང་མི་རྣམས་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད་པས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་ངང་གིས་རྟོགས་ཡོང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社