分享按钮

ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་ཕན་འབྲས་དངོས་སུ་འགྱུར་བར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས་མཉམ་འབྲེལ་བྱས་ཏེ་དགོངས་དོན་གྱི་དོན་སྙིང་རྟོགས་པ་དང་། དང་བླངས་ཀྱི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་ཞེས་པ་གཙོ་དོན་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་ཁང་གི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་གདན་ཞུས་ལྟར་སྒྲོག་འགྲེལ་གནང་ཞིང་། ཁྲོམ་གཞུང་གྲོང་ཚོ(གྲོང་ལྷན)ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ལས་དོན་མི་སྣ་དང་མང་ཚོགས་ཀྱི་འཐུས་མི་ཁྱོན་130ལྷག་ཙམ་ཞུགས་ཡོད་པ་རེད།

སྒྲོག་འགྲེལ་གནང་སྐབས། སྐལ་བཟང་ཚེ་རིང་གིས་གོ་བདེ་ཞིང་རྟོགས་སླ་བའི་སྐད་ཆའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་རེད། སྒྲོག་འགྲེལ་དེ་བརྗོད་དོན་གཙོ་བོར་དམ་པོར་འབྲེལ་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཚད་གཞི་མཐོ་ཞིང་ལག་ལེན་གྱི་རིན་ཐང་ཤིན་ཏུ་ཆེ་བས་ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་མཛུབ་སྟོན་གསལ་པོ་མཁོ་འདོན་བྱས་ཡོད།

སྒྲོག་འགྲེལ་མཇུག་སྒྲིལ་རྗེས། ཁྲོམ་གཞུང་དང་གྲོང་ཚོ(གྲོང་ལྷན)ཁག་གིས་མཉམ་འབྲེལ་ཐོག་བཙུགས་པའི་དམངས་ཕན་ཞབས་ཞུ་ས་ཚིགས་ཀྱིས་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་བདེ་ཐང་འོས་འགན་སྨན་བཅོས་དང་། སྲིད་ཇུས་དྲིལ་བསྒྲགས། གྲོང་གསེབ་ཏུ་དཔེ་དེབ་སྐྱེལ་བ། འོས་འགན་སྐྲ་བཞར་སོགས་ཀྱི་དང་བླངས་ཞབས་ཞུ་མཁོ་འདོན་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས་གྲོང་མི་མང་ཚོགས་ལ་ཕན་པ་ཐོབ་པ་དང་དུས་མཚུངས་སུ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད། སླད་ཕྱིན་ཚལ་གུང་ཐང་ཁྲོམ་གཞུང་གིས་རིགས་པའི་གཞུང་ལུགས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་རིམ་དུ་ལག་ལེན་བསྟར་ནས་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209376.html 1 ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་ཕན་འབྲས་དངོས་སུ་འགྱུར་བར་བྱས་པ། /enpproperty-->