分享按钮

ཏང་ཡོན་རྒན་གྲས་ཀྱི་སེམས་གཏིང་གི་སྐད་ཆ།

འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཝང་ཅིང་མིན།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་ཁྱབ་ཡོད། གྱང་ཉལ་གྲོང་ཚོའི་ཚོགས་ཆུང་དང་པོའི་ལོ་62ལ་སླེབས་པའི་ཏང་ཡོན་རྒན་གྲས་ཚེ་རིང་དབྱངས་ཅན་གྱིས་རྟག་ཏུ་ཡུལ་མི་ཚོ་དང་མཉམ་དུ་ད་ཆའི་འཚོ་བའི་འཕོ་འགྱུར་གླེང་བཞིན་ཡོད་པས་བབ་ཆགས་པའི་སྐད་ཆ་རེ་རེ་ལས་བདེ་སྐྱིད་ཀྱི་འཚོ་བའི་མྱོང་ཚོར་ངོ་མ་མངོན་བཞིན་ཡོད།

སྔོན་ཆད་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོ་བ་ནས་ད་ལྟའི་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། སྔོན་ཆད་སྦྲ་གུར་དུ་སྡོད་པ་དང་ས་རྡོའི་ལམ་དུ་སྐྱོད་པ་ནས་ད་ཆ་སྡོད་ཁང་གསར་པར་སྡོད་པ་དང་སྣུམ་ནག་ལམ་ཤར་གཏོང་ཐུབ་པའི་བར། ཚེ་རིང་དབྱངས་ཅན་གྱི་དྲན་ཤེས་ནང་གྱང་ཉལ་གྲོང་ཚོའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་འགྱུར་ལྡོག་ཆེན་པོ་གསལ་པོར་ངེས་ཡོད།

ཚེ་རིང་དབྱངས་ཅན་གྱིས་མྱོང་ཚོར་ཟབ་མོའི་ཐོག་ནས་ང་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པ་དང་། འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས་སྦྲ་གུར་ནང་སྡོད་དགོས་ཀྱི་ཡོད། སྐབས་དེ་དུས་རྒྱུན་དུ་བཟའ་རྒྱུ་མེད་པ་དང་། ལམ་ཡང་བཟོས་མེད་པ། སྡོད་སའི་ཁང་པ་ཧ་ཅང་གོག་ཧྲུལ་ཡིན་པར་མ་ཟད། ཐ་ན་གདན་དང་སྔས་མགོ་ཡང་མེད། ད་ལྟ་གཅིག་པ་མ་རེད། ག་རེ་བཟའ་འདོད་ན་ག་རེ་ཡོད་པ་དང་། ཉིན་ལྟར་གྱོན་གོས་གསར་པ་གྱོན་རྒྱུ་ཡོད་པར་མ་ཟད། ད་དུང་ཁང་པ་གསར་པའི་ནང་སྡོད་རྒྱུ་ཡོད། གལ་ཏེ་ནད་གཞི་བྱུང་ན། མྱུར་དུ་སྨན་ཁང་དུ་འགྲོ་རྒྱུ་ཡོད་པ་དང་། སྨན་ཁང་གི་ཆ་རྐྱེན་ཡང་ཧ་ཅང་ཡག་པོ་ཡོད། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད། དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་པས་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་དེ་མི་སྒེར་གྱི་འཚོ་བའི་ནང་མངོན་པར་མ་ཟད། དེ་བས་གྲོང་ཚོའི་ཕྱོགས་གང་ས་ཅི་ཐད་ནས་མིག་མཐོང་ལག་ཟིན་ཐུབ་ཡོད། གྱང་ཉལ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་ལོ་འདི་དག་རིང་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེ་སྔ་གྲོང་ཚོའི་ནང་ས་རྡོའི་ལམ་ཡིན་པ་དང་འདི་ལོ་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཨར་འདམ་ལམ་བཏིང་ཡོད། འཐུང་ཆུའི་རྣམ་གྲངས་དང་སྤྱི་པའི་ཁྲུས་ཁང་སོགས་སྒྲིག་བཀོད་ཀྱང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་གཅིག་ལས་གཅིག་ཡག་པོ་ཡོད། དཔེར་ན། རྩྭ་ཐང་གི་ཁ་གསབ་རོགས་དངུལ་དང་སྨན་བཅོས་ཁ་གསབ་རོགས་དངུལ་སོགས་དམངས་ཕན་སྲིད་ཇུས་ལས་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོས་ངེས་པར་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཝང་ཅིང་མིན། ཏང་ཡོན་རྒན་གྲས་ཀྱི་སེམས་གཏིང་གི་སྐད་ཆ། 6 6 拉萨日报藏文 c209377.html 1 འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་པ། /enpproperty-->