分享按钮

བོད་ཀྱི་ལས་གཏོད་པས་དངོས་སྒྲུབ་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་བཅངས་པ།

(པར་ངོས་དང་པོར་མཐུད)ཝང་དབྱང་གི་ལས་གཏོད་ལམ་བུ་དེ་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་འཕེལ་རྒྱས་དང་གཅིག་མཚུངས་ཡིན་པ་དང་ས་མཐོར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་ནས་ཁེ་ལས་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

བོད་ལྗོངས་ཀྲུང་ཁའེ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་དབྱང་གིས་ང་བོད་དུ་ཡོང་ནས་ལོ་བཅུ་ལྷག་ཙམ་སོང་རིང་སྣེའུ་ཁུལ་གསར་གྱི་འགྱུར་ལྡོག་དངོས་སུ་མཐོང་བྱུང་། ད་ཆ་གླིང་ཁུལ་གྱིས་ང་ཚོར་ལས་གཏོད་ཁ་གསབ་དང་གཞུང་ལས་བྱ་ཡུལ་མཁོ་འདོན་བྱས་པར་མ་ཟད། ད་དུང་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ལས་སྟེགས་ཀྱང་བསྐྲུན་ཡོད། ང་ཕྱི་ནས་ཡོང་བའི་ལས་གཏོད་པ་ནས་འདི་གར་གཞིས་ཆགས་པའི་བར་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་རིམ་བཞིན་ཆེ་རུ་ཕྱིན་པ་དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དང་ཁ་འབྲལ་ཐབས་མེད་ཅེས་བཤད།

བོད་ལྗོངས་པའེ་ཧའོ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའེ་ཧང་གིས་ཚོགས་པའི་སྣེ་ཁྲིད་དེ་བརྡ་ཁྱབ་དྲིལ་བསྒྲགས་ཞབས་ཞུའི་ཁྱབ་ཁོངས་སུ་ཟབ་ཞུགས་བྱས་ཏེ་སྤུས་ཚད་མཐོ་བའི་གློག་སྒམ་བཟོ་བ་དང་ཆེད་ལས་གར་སྟེགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་སོགས་ལྟེ་བའི་ལས་སྒོ་ཧུར་ཐག་སྤེལ་ནས་རིགས་ཁག་གི་ཁེ་ལས་ཀྱི་དྲིལ་བསྒྲགས་ཁྱབ་གདལ་ལ་གནད་སྨིན་རྒྱབ་སྐྱོར་བྱས་པ་རེད། དགོས་མཁོའི་ཞབས་ཞུར་བརྟེན་ནས་ཚོགས་པས་ས་གནས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་སྤུས་རྟགས་བརྒྱུད་སྤེལ་དང་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་དེ་ཡུལ་ཁོངས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།ཝུའེ་ཧང་གིས་འབྱུང་འགྱུར་ང་ཚོས་དེ་གར་མུ་མཐུད་གཞི་ཚུགས་ཏེ་བོད་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209373.html 1 བོད་ཀྱི་ལས་གཏོད་པས་དངོས་སྒྲུབ་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་བཅངས་པ། /enpproperty-->