(པར་ངོས་གཉིས་པར་མཐུད)པར་རིས་དང་ཡི་གེ་མཉམ་དུ་བཀོད་པའི་རྣམ་པའི་ཐོག་ནས་ལྷ་སའི་དམག་དམངས་ཀྱིས་བློ་སེམས་གཅིག་མཐུན་ངང་མཉམ་སྐྲུན་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་རྩ་ཆེའི་རྣམ་པ་བསྐྱར་དུ་མངོན་ཡོད། སྤྱི་གླིང་ནང་གི་ཨར་འདམ་ལམ་འགྲམ་དུ་མཛེས་ལྗོངས་ཁུལ་མང་པོ་བཀོད་སྒྲིག་བྱས་པ་དེ་དག་ཏུ་དམག་མིའི་ཉམས་འགྱུར་མངོན་པའི་འཇིམ་རྐོས་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་བཞེངས་བྱས་ནས་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། གཞན་ཡང་སྤྱི་གླིང་དུ་ད་དུང་སྤྲོ་གསེང་རྐུབ་སྟེགས་དང་གད་སྙིགས་བླུགས་སྣོད་སོགས་དམངས་ཕན་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བས་མཛེས་ལྗོངས་ལ་ལྟ་བའི་བརྒྱུད་རིམ་ནང་དུས་དང་རྣམ་པ་ཀུན་ཏུ་ངལ་གསོ་རྒྱག་པ་དང་སྤྲོ་སྣང་ལྡན་པའི་སྤྲོ་གསེང་མྱོང་རོལ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།
གླེང་རིན་ཡོད་པ་ཞིག་ནི་སྤྱི་གླིང་དུ་ད་དུང་བྱིས་པའི་མཛའ་གྲོགས་མཉམ་འགུལ་ཁུལ་ཆེད་མངགས་བཙུགས་ནས་ཕྲུ་གུ་ཚོ་བློ་བདེ་བག་ཕེབས་ཀྱི་རྣམ་པའི་ཁྲོད་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱ་རྒྱུ་དེ་རེད། ཉེ་འགྲམ་གྱི་གྲོང་མི་ཆོས་འཛོམས་ཀྱིས་རྟག་ཏུ་ཕྲུ་གུ་ཁྲིད་དེ་སྤྱི་གླིང་དུ་འཆམ་འཆམ་དུ་ཡོང་གི་ཡོད། དེ་གའི་ཁོར་ཡུག་མཛེས་ཤིང་མཁའ་རླུང་གཙང་བ་མ་ཟད་ད་དུང་ཕྲུ་གུ་ཚོར་ཆུང་དུས་ནས་རྒྱལ་གཅེས་དམག་གཅེས་ཀྱི་འདུ་ཤེས་ཀྱང་འཛུཊ་ཐུབ་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རིག་གནས་བློ་གསར་གླིང་གིས་གཉིས་བཀུར་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྔ་རྗེས་སུ་མིའོ་ཀོང་ལམ་ཆེན་དེ་གཉིས་བཀུར་ལམ་ཆེན་དུ་མིང་བསྒྱུར་བ་དང་། དམག་བཀུར་ཆུ་ཡུར་དང་བརྒྱད་གཅིག་ནགས་ཚལ་གྱི་སྤྲོ་གསེང་སྒར་ས་སོགས་ཀྱི་རྣམ་གྲངས་བསྐྲུན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་དཔུང་དང་ས་གནས་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་དམག་དམངས་མཉམ་སྐྲུན་གྱི་དུས་རབས་ཀྱི་འབོད་སྒྲ་གྲགས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社