分享按钮

གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2025ལོའི་གཅིག་སྡུད་སློབ་སྦྱོང་ཞིབ་འཇུག་གྲོས་བསྡུར(རྒྱ་ཆེ)ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཚོགས་ཞུགས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཚོགས་འདུའི་ཐོག་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་རྒྱུན་དུ་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་གཞུང་ཁོངས་ཀྱི་ཁེ་ལས་སྒྱུར་བཅོས་དང་གཞུང་རྒྱུར་ལྟ་སྐུལ་དོ་དམ་བྱེད་པ་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིཊ་ཏེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སྐྱོན་བྲལ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་མུ་མཐུད་དེ་སྐུལ་འདེད་བཏང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱི་གཞུང་ཁོངས་ཁེ་ལས་ཏང་འཛུགས་སྐྱོང་དང་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲང་ལི་ལི་ཡིས་གཞུང་ཁོངས་ཁེ་ལས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ལ་སྐུལ་མ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་དང་། རིམ་པ་ཁག་གིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ལས་སྒོ་གཙོ་བོར་དམ་འཛིན་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྷ་སའི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་ཁྱབ་ཁོངས་སུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་བ། རང་རྟོགས་ངང་སྐུལ་ལྕག་ཁྲོད་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་སྐུལ་སྤེལ་དང་། མངགས་བཅོལ་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་གཞུང་ཁོངས་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209364.html 1 གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ། /enpproperty-->