(པར་ངོས་དང་པོར་མཐུད)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་གཤམ་སྤེལ་བྱེད་པའི་ཞབས་ཞུ་བརྒྱུད་ནས་ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད་ཡིན་ཞེས་བཤད། ཡང་ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་ནས་རྣམ་པ་གསར་པ་བཏོད་དེ་གཤམ་སྤེལ་གསུམ་དེ་ཏང་དང་མང་ཚོགས་གྱི་སེམས་སྦྲེལ་ཟམ་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་འདེད་ཡོ་བྱད། མང་ཚོགས་ཀྱི་འཚོ་བའི་འབྱུང་ཁུངས་ལྟ་བུར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྟད་མོ་བ་ཉི་མ་ཚེ་རིང་གིས་ལེ་ཚན་ངོ་མཚར་ཆེ་ལ་དོན་སྙིང་ལྡན་པ་ཞིག་འདུག ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ཞིང་། ང་ཚོའི་འཚོ་བར་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གྱིས་ང་ཚོར་དྲོ་སྐྱིད་ཆེན་པོ་སྦྱིན་ཡོད་ཅེས་བཤད།
ཐེངས་འདིའི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན། འབྱུང་འགྱུར་ལྷ་ས་གྲོང་ཁྱེར་གྱིས་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ་གཤམ་སྤེལ་གསུམ་གྱི་བྱེད་སྒོ་ཧུར་ཐག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社