分享按钮

ལྷ་ས་གྲོང་ཁྱེར་གྱི་2025ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི་2025ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་དེ་སྟག་རྩེ་ཆུས་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་གཙོ་དོན་སྤྱི་གླིང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཞིང་འབྲོག་པ་མང་ཚོགས་300ལྷག་ཙམ་མཉམ་དུ་འཛོམས་ནས་རིག་རྩལ་འཁྲབ་སྟོན་ལ་ལྟ་བ་དང་མཉམ་འགུལ་དྲིས་ལན་ནང་ཞུགས་པས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ཡོད།

སྔ་དྲོའི་ཆུ་ཚོད་11པར། ལྷ་མོ《བཀྲ་ཤིས་ཞོལ་པ》ཞེས་པ་འཁྲབ་སྟོན་བྱས་པ་དང་བསྟུན་ནས་བྱེད་སྒོ་དེ་འགོ་ཚུགས་ཤིང་། ལྷ་མོ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་རྣམས་ཀྱིས་ལུས་ལ་རྒྱན་གོས་སྤྲས་པ་དང་། སྐད་གདངས་མཐོ་བའི་རྣམ་ཐར་དང་ཞབས་བྲོའི་ཉམས་འགྱུར་གྱིས་ཚོགས་ར་ཡོངས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར། དེ་རྗེས་ཞབས་བྲོ《སྐལ་བཟང་ཀྱོག་ཀྱོག》ཅེས་པའི་དབྱངས་འགྲོས་ཀྱི་ཐོག་ནས་ས་མཐོའི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་པ་དང་། སློབ་འབྲིང་སློབ་མས་མཉམ་ལེན་བྱས་པའི《ལང་ཚོའི་གླུ་གཞས》ཞེས་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གླུ་སྒྲར་བརྟེན་ནས་དུས་རབས་ཀྱི་འབོད་སྐུལ་བརྒྱུད་སྤྲོད་བྱས་པ་རེད། ལྷ་མོ་རུ་ཁག་གི་རྐྱང་གཞས་འཁྲབ་སྟོན་པས་བརྩེ་དུང་ཟབ་མོ་ལྡན་པའི་སྒོ་ནས《ཕ་ཡུལ་སྟག་རྩེ》ཞེས་པ་འཁྲབ་སྟོན་བྱས་པར་ལྟད་མོ་བ་རྣམས་ཀྱིས་དགའ་འབོད་ཆེན་པོ་བྱས། 《ཤར་ལུང་བྲག》ཅེས་པའི་སྤྲོ་སྣང་ལྡན་པའི་གླུ་གཞས་དེས་བྱེད་སྒོ་དེ་སྔར་བས་འཁྲུག་ཆ་དོད་པོར་གྱུར་ཞིང་། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། གཙོ་སྐྱོང་པས་འཁྲབ་སྟོན་གྱི་བར་གསེང་དུ་བྱ་དགའ་ཡོད་པའི་གྲོང་གསེབ་དར་རྒྱས་དང་ཚན་རིག་ཁྱབ་གདལ་དུ་གཏོང་བའི་ཤེས་བྱའི་དྲི་བ་དྲིས་ལན་བཀོད་སྒྲིག་བྱས་པས་ཞིང་འབྲོག་མང་ཚོགས་ཀྱིས་ལན་ཧུར་ཐག་བརྒྱབ་པ་དང་བསྟུན་ནས་ཚོགས་རའི་ནང་དུ་དགོད་སྒྲ་དང་དགའ་འབོད་ཀྱིས་ཁེངས་ཡོད།

གྲོང་ཨུད་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཚན་ཁག་གི་ཁོའོ་ཀྲང་ཝུའུ་ཅི་པིན་གྱིས་ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209361.html 1 ལྷ་ས་གྲོང་ཁྱེར་གྱི་2025ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->